སིང་གྷ་པོར་དུ་བོད་བརྒྱུད་ནང་བསྟན་ལ་དད་མོས་ཞུ་སྟངས།

2024.04.23
སིང་གྷ་པོར་དུ་བོད་བརྒྱུད་ནང་བསྟན་ལ་དད་མོས་ཞུ་སྟངས།
འགྲོ་ཕན་གླིང་ཆོས་ཚོགས།

སིང་གྷ་པོར་ནི་ཨེ་ཤེ་ཡའི་ནང་ཆེས་མི་རིགས་སྣ་ཚོགས་ལས་གྲུབ་པའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཅིག་ཡིན་ལ། ཁུལ་དེར་ནང་པའི་ཆོས་ཚོགས་དེབ་སྐྱེལ་ཡོད་པ་ ༥༠ ང་གྲངས་ཡོད་པའི་ནང་དུ་འགྲོ་ཕན་གླིང་ཆོས་ཚོགས་བཙུགས་ནས་བགྲང་བྱ་ ༢༢ སོང་ཞིང་།  སིང་གྷ་པོར་བོད་ཀྱི་རིག་གཞུང་ཚོགས་པས་ཡུལ་དེའི་དད་ལྡན་པ་རྣམས་བཞུགས་སྒར་རྡ་རམ་ས་ལར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་ཀྱི་མཛད་རིམ་གསོལ་འདེབས་གོ་སྒྲིག་ཞུས་ཏེ་ད་བར་ལོ་ངོ་ ༡༦ ཙམ་སོང་བ་བཅས་ཀྱིས་ལས་རིམ་ཁག་ལ་བརྟེན་ནས་ཡུལ་དེར་ནང་བསྟན་སྤྱི་དང་ཁྱད་པར་བོད་བརྒྱུད་ནང་བསྟན་ལ་དད་གུས་ཞུ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  jangchup-sangay.jpg
བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་ཉེ་ཆར་ཟླ་ ༤ ཚེས་ ༦ ནས་གཟའ་འཁོར་གཉིས་ཙམ་གྱི་རིང་ཆེད་ཕེབས་གནང་སྟེ་སེམས་སྐྱེད་གི་ཆོ་ག་དང་།  རྒྱལ་སྲས་ལག་ལེན་སོ་བདུན།  དེ་བཞིན་དབང་དང་རྗེས་གནང་སོགས་གནང་སྟེ་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་ཅིག་གནང་ཡོད་པས་སྐབས་དེའི་གཟིགས་བབ་དང་འབྲེལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
མེ་ཊ་ཡིས་ངོ་དེབ་ཀྱི་ནང་དོན་ལ་ཚོད་འཛིན་གྱིས་རྒྱ་ནག་གི་མངོན་འདོད་གྲུབ་བཞིན་ཡོད་པ། མེ་ཊའི་ལས་ཟུར་ཞིག་གིས་ཨ་རིའི་གྲོས་ཚོགས་སུ་རྭ་སྤྲོད་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎