ཐ་མག་ཉལ་ཐག་དང་དུག་རྫས།
2019.07.01
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། རྒྱལ་སྤྱིའི་ནང་ཐ་མག་ཉལ་ཐག་དང་དུག་རྫས། བཟི་སྨན་སོགས་བེད་སྤྱོད་བྱེད་པའི་དཀའ་ངལ་དང་ནག་ཚོང་གི་བྱ་སྤྱོད་འགོག་ཐབས་ཀྱི་ཉིན་མོ་སྲུང་བརྩི་ཞུས་པ་དང་བསྟུན་རྒྱ་གར་ལ་ཡོད་པའི་བཙན་བྱོལ་བོད་པའི་ནང་ཉལ་ཐག་དང་བཟི་སྨན་བེད་སྤྱོད་བྱེད་མཁན་ཡོད་པས། དཀའ་ངལ་དེ་རིགས་ལ་དབུས་བོད་མིའི་སྒྲིག་འཛུགས་དང་ཀུན་ཕན་ཚོགས་པས་རོགས་རམ་གནང་གི་ཡོད་པའི་སྐོར་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།