བོད་ཀྱི་ཉིན་མོ་ཞེས་པའི་དུས་སྟོན་ཐེངས་དང་པོ་དེ་བཞིན་༸སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་ནས་དབུ་འབྱེད་གནང་ཡོད་པ།

ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་རྟེན་གཞི་བྱེད་པའི་རྭ་རྒྱ་ཐེག་ཆེན་གླེང་གི་གོ་སྒྲིག་འོག་བོད་ཀྱི་ཉིན་མོ་ཞེས་པའི་དུས་སྟོན་དེ་ཐེངས་དང་པོ་གནང་བ།
2022.06.29
བོད་ཀྱི་ཉིན་མོ་ཞེས་པའི་དུས་སྟོན་ཐེངས་དང་པོ་དེ་བཞིན་༸སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་ནས་དབུ་འབྱེད་གནང་ཡོད་པ།
རྡོ་རྗེ་དགྲ་འདུལ།

ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་རྟེན་གཞི་བྱེད་པའི་རྭ་རྒྱ་ཐེག་ཆེན་གླེང་གི་གོ་སྒྲིག་འོག་ཕྱི་ཟླ་༦ཚེས་༢༥དང་༢༦བཅས་ཉིན་གྲངས་གཉིས་ཀྱི་རིང་བོད་ཀྱི་ཉིན་མོ་ཞེས་པའི་དུས་སྟོན་ཐེངས་དང་པོ་དེ་བཞིན་༸སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་ནས་དབུ་འབྱེད་གནང་ཡོད་པ་རེད། ས་གནས་སུ་ན་གཞོན་དྭང་བླངས་པ་ཚོཅིག་གིས་ཉིན་གཉིས་ཀྱི་དུས་སྟོན་གོ་སྒྲིག་གནང་བའི་བརྒྱུད། བོད་ཟས་སྣ་མང་ཚོང་འགྲེམས་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རྩེད་རིགས་དང་ཡང་ཕྲུ་གུ་ཚོར་དམིགས་ནས་བོད་དོན་དང་འབྲེལ་བའི་རི་མོའི་འགྲན་བསྡུར།དེ་བཞིན་ཕྱི་དྲོ་རིག་གཞུང་འཁྲབ་སྟོན་གྱི་ལས་རིམ་སོགས་རྒྱལ་ས་མངའ་ཁུལ་དང་བོད་དོན་རྒྱལ་སྐྱོར་བ་ཕྱི་རྒྱལ་བ་མི་སྣ་བཅས་ཕེབས་མཁན་ཚོས་དགའ་མོས་ཆེན་པོ་གནང་འདུག
ད་ལེན་ཁ་བའི་གྲོས་རཱ་ལེ་ཚན་ནང་།བོད་ཀྱི་ཉིན་མ་དུས་སྟོན་དེའི་དམིགས་ཡུལ་དང་དགོས་པ་རྒྱུ་མཚན་དང་འབྲེལ་༸སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་གཙོས་པའི་འབྲེལ་ཡོད་གོ་སྒྲིག་གནང་མཁན་ཁག་ཅིག་ལ་རྩོམ་སྒྲིག་འགན་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་ཡུལ་དངོས་སུ་བཅའ་འདྲི་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ལ་ཉན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎