ཨོཀ་ལ་ཧོ་མ་རུ་བོད་ཀྱི་རིག་གཞུང་ངོ་སྤྲོད།
2021.08.28
༄༅།། བོད་ཀྱི་གདན་ས་དགའ་ལྡན་བྱང་རྩེ་གྲ་ཚང་གི་དགེ་འདུན་པ་ཁག་ཞིག་གིས་ཨ་རིའི་ལྷོ་དབུས་སུ་ཆགས་པའི་Oklahomaམངའ་སྡེའི་Norman ས་གནས་སུ་རྟེན་གཞི་བྱས་པའི་Norman Cultural Connection ཟེར་བའི་གཞུང་འབྲེལ་མིན་པའི་ཚོགས་པ་དེའི་གདན་ཞུ་གནང་བ་བཞིན་རིང་མིན་སྤྱི་ཟླ་༩པའི་ཚེས་༧ནས་སྤྱི་ཚེས་༡༩བར་ཉིན་གྲངས་༡༣ཙམ་གྱི་རིང་ལ་ས་གནས་སུ་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གནང་བ་བཞིན་བོད་ཀྱི་ཆོས་ཀྱི་ལུང་རྟོགས་ཀྱི་བསྟན་པ་དང་བོད་ཀྱི་རིག་གཞུང་སོགས་ངོ་སྤྲོད་གནང་བའི་ཐོག་ནས་ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་སྐྲུན་ཐབས་གནང་རྒྱུ་སོགས་ཀྱི་མཛད་འཆར་སྐྱོང་གནང་མཛད་རྒྱུ་ཡིན་པའི་སྐོར་འབྲེལ་ཡོད་ལ་བཅའ་འདྲི་ཞུས་ནས་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།