བོད་པ་ཁ་ཆེ་དང་དེ་དག་གི་རིག་གཞུང་།

2023.09.09
བོད་པ་ཁ་ཆེ་དང་དེ་དག་གི་རིག་གཞུང་། བོད་དུ་གནའ་སྔ་མོ་ནས་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་བོད་པ་ཁ་ཆེ་ཚོ་ལྷ་ས་ཁུལ་དུ་གཏན་སྡོད་གཞིས་ཚུགས་ཏེ་གནས་ཡོད་པ།
Siddiq Wahid

བོད་དུ་གནའ་སྔ་མོ་ནས་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་བོད་པ་ཁ་ཆེ་ཚོ་ལྷ་ས་ཁུལ་དུ་གཏན་སྡོད་གཞིས་ཚུགས་ཏེ་གནས་ཡོད་ཅིང་། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གཞུང་གིས་བོད་བཙན་བཟུང་མ་བྱས་ཀྱི་བར་བོད་མིའི་འདུ་ཤེས་ཐོག་ནས་བོད་ནང་གནས་ཡོད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཀྱི་རྒྱལ་པོ་དང་བོད་པ་ཁ་ཆེ་རྣམས་ལ་ཐུགས་བརྩེ་ཤིན་ཏུ་ཆེ་ཤིང་། གཟིགས་སྐྱོང་ཧ་ཅང་ཆེན་པོ་གནང་ཡོད་པ་མྱོང་ཚོར་ཐད། བོད་པ་ཁ་ཆེ་ཚོས་ཞལ་གཅིག་གྲགས་ཐོག་ནས་གསུངས་སྲོལ་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་པ་ད་ཆ་ལ་དྭགས་དང་ཀཤ་མིར་ནང་གནས་བཞུགས་བོད་པ་ཁ་ཆེ་ཨིསྦརཧིམ་སྦཡི་ལགས་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་ནས་བོད་པ་ཁ་ཆེའི་གནས་བབ་དང་། ཁོང་ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་བོད་དུ་གཉེན་འཕྲད་དུ་བསྐྱོད་པའི་སྐབས། གཞིས་ཀ་རྩེ་དང་ལྷ་ས་བཅས་སུ་གཟིགས་ཚུལ་ཇི་བྱུང་དང་། བོད་པ་ཁ་ཆེའི་རིག་གཞུང་སྐོར་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པའི་ལེའུ་དང་པོ་འདི་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ད་རེས་གྲོས་ཚོགས་འཚོགས་མ་ཐུབ་པའི་གནས་སྟངས་འོག་སྤྱི་འཐུས་རྣམ་པར་འགྲོ་གྲོན་གཏོང་སྟངས་སྒྲིག་གཞི་ཁ་གསལ་མེད་པ་རེད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
སྤྱི་ཚོགས།
བུད་མེད་ཁེ་ལས་པ་དང་སྤྱི་ཚོགས་ཀྱི་དགོས་མཁོ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎