བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱ་ཆེད་དུ་སློབ་ཕྲུག་དང་ཕ་མ་རྣམས་ཀྱི་འགན་འཁྲི་བཞེས་ཕྱོགས་སྐོར།

༄༅། །ཨ་རིའི་ས་གནས་ནིའུ་ཡོག་དང་ནིའུ་ཇེར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་ཀྱི་གཟའ་མཇུག་སློབ་གྲྭ་བློ་གསལ་སྐྱེད་ཚལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་རྣམས་པས། ས་གནས་ཀྱི་བོད་ཕྲུག་རྣམས་ཕྱི་རྒྱལ་ཡུལ་གྲུར་ཁོང་ཚོས་བོད་པའི་ངོ་བོ་སྲུང་སྐྱོབ་བྱེད་ཆེད་བོད་སྐད་དང་བོད་ཡིག་ཀྱི་སློབ་ཁྲིད་གནང་ཞིང་། བོད་མི་རིགས་ཀྱི་གཤིས་ཀ་བཟང་པོ་དེ་བོད་ཕྲུག་རྣམས་ཀྱི་རང་རྒྱུད་ལ་འཇགས་པ་ཡོང་ཆེད་དམིགས་ཀྱི་ཡོད་པ་རེད། ཐེངས་འདིའི་ལེ་ཚན་ནང་བློ་གསལ་སྐྱེད་ཚལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་སྤྱི་རྒྱལ་མཚན་ལགས་ལ་ཁོང་གིས་སློབ་སྤྱིའི་འགན་བླངས་ཏེ་དམིགས་ཡུལ་གང་འདྲ་ཞིག་ཟིན་ཡོད་མེད་དང་ས་གནས་ཀྱི་བོད་ཕྲུག་དང་ཕ་མ་ཚོའི་འགན་གང་འདྲ་ཞིག་བཞེས་འཁྱེར་དགོས་མིན་སོགས་ཀྱི་ཐད་ལ་གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག