ཤེས་ཡོན་ཐོག་རྩེར་སོན་གྱི་གྲུབ་འབྲས་ཆེད་བེུད་གཅིག་གི་སྐུ་ལས་བསྐྱོན་སྟངས།
2022.09.06

མིག་དམར་མཚམས་གཅོད་ལགས་ནི་རྒྱ་གར་ལྷོ་ཕྱོགས་མོན་གྷོཊ་འདོད་རྒུ་གླིང་གི་སློབ་གྲྭ་ནས་ཐོན་ཏེ་ཕྱིའི་མཐུན་རྐྱེན་ཞེན་པའི་གནས་བབ་འོག་ཏུ་ཡོད་མིན་ལ་མ་ལྟོས་པར། འབད་བརྩོན་ཧུར་བསྐྱེད་གནང་པ་དང་ཆོད་སེམས་བརྟན་པོ་བཟུང་པར་བརྟེན་ནས་ཁེ་ན་ཌའི་ McGill གཙུག་ལག་སློབ་ཆེན་དུ་མཆིན་པའི་འབྲས་ནད་ཀྱི་ཐད་འབུམ་རམས་པའི་ཉམས་ཞིབ་གནང་རྒྱུའི་ཁོངས་སུ་ཚུད་འདུག ཁོང་གི་མི་ཚེའི་བརྒྱུད་རིམ་འདིའི་ཁྲོད་ཕྱིའི་མཐུན་རྐྱེན་དང་ནང་སེམས་ཀྱི་བློ་སྤོབས་མི་འདང་བའི་གནས་སྟངས་མང་པོ་བྱུང་ཡོད་ཀྱང་། གདོང་ལེན་མཐིལ་ཕྱིན་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། མིག་དམར་མཚམས་གཅོད་ལགས་དང་ལྷན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་འགན་འཛིན། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག