ཨ་རིའི་སྒྱུ་རྩལ་བ་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་།

2022.03.21
ཨ་རིའི་སྒྱུ་རྩལ་བ་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་།
པེན་གུཝིན་དཔེ་དེབ།

རྩོམ་སྒྲིག་པའི་གླེང་སྟེགས་ཀྱི་ལས་རིམ་ནང་།  ཨ་རིའི་གློག་བརྙན་འཁྲབ་མཁན་རི་ཅརྜ་གྷིཡར་གྱིས་གཙོས་པའི་འཛམ་གླིང་གི་གློག་བརྙན་འཁྲབ་སྟོན་པ་དང་རོལ་དབྱངས་གླུ་གཞས་ཀྱི་སྒྱུ་རྩལ་བ་མང་པོ་ཞིག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་ནང་གི་སྡུག་རྩུབ་ཆེ་བའི་གནས་སྟངས་ཐད་གཏམ་བཤད་དང་། འབོད་སྒྲ་སྒྲོག་པ་བཅས་ལ་བརྟེན་ནས། གློག་བརྙན་འཁྲབ་སྟོན་པ་དང་སྒྱུ་རྩལ་བ་མང་པོ་ཞིག་ལ་རྒྱ་ནག་ནང་དུ་འཁྲབ་སྟོན་མི་ཆོག་པ་དང་། ཁོང་ཚོས་འཁྲབ་པའི་གློག་བརྙན་རྣམས་རྒྱ་ནག་ནང་བསྟན་མི་ཆོག་པའི་དམ་དྲག་བྱས་པ་མ་ཟད།སྒྱུ་རྩལ་བ་མང་པོའི་རྒྱ་ནག་ནང་གི་ཚོང་འབྲེལ་ཐོག་ལ་དོ་ཕོག་བྱུང་ཡོད་པ་རེད།དེ་རིང་གི་ལས་རིམ་འདིའི་ནང་རྒྱ་ནག་གཞུང་གི་ལྟ་བ་དང་སྲིད་བྱུས་རྣམས་གློག་བརྙན་དང་།སྒྱུ་རྩལ་བའི་མི་ཚེའི་ཐོག་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་མེད་སྐོར་བསྟན་འཛིན་བདེ་སྐྱིད་ལགས་དང་།བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་དཔྱད་ཞིབ་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
སྤྱི་ཚོགས།
༧གོང་ས་མཆོག་གུང་གྲངས་༩༠ཕེབས་པའི་གོ་སྟོན་གྱི་མཛད་སྒོ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎