རོགས་པ་ཞེས་པའི་ཚོགས་པས་ཨ་རིའི་མཐོ་རིམ་སློབ་ཆེན་ནང་སློབ་ཞུགས་ཡོང་ཆེད་ཀྱི་ལམ་སྟོན་གནང་བཞིན་པ།
ཉེ་ཆར་ཟླ་བ་དང་པོའི་ཚེས་གཉིས་ཉིན། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་གཞོན་སྐྱེས་ཚོས་འགོ་འཁྲིད་པའི་རོགས་པ་ཞེས་པའི་ཚོགས་པ་ཡིས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་ཚོར་གཙོ་བོར་དམིགས་ཏེ་ཨ་རིའི་གཙུག་ལག་སློབ་ཆེན་ཁག་ཏུ་སློབ་ཞུགས་ཡོང་ཆེད་ལམ་སྟོན་དང་རོགས་རམ་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པ་བཞིན། ཟབ་སྦྱོང་དེ་གོ་སྒྲིག་གནང་མཁན་ཁོངས་མཐོ་རིམ་སློབ་ཆེན་འགྲིམ་བཞིན་པ། ཨ་རིའི་Vermont མངའ་སྡེའི་་Middlebury མཐོ་སློབ་ཀྱི་ལོ་རིམ་བཞི་པའི་སློབ་མ་བསྟན་འཛིན་དོན་ལྡན་ལགས་དང་། Harvard གཙུག་ལག་སློབ་ཆེན་གྱི་ལོ་རིམ་གསུམ་པའི་སློབ་མ་ཚེ་རིང་དབྱངས་ཅན་ལགས་རྣམས་གཉིས་སུ་རོགས་པ་ཚོགས་པས་གོ་སྒྲིག་གནང་བའི་ཟབ་སྦྱོང་དེའི་སྐོར་དང་། བཙན་འབྱོལ་བོད་པའི་སྤྱི་ཚོགས་ནང་རོགས་པ་ཚོགས་པ་བརྒྱུད་གཞོན་སྐྱེས་ཚོའོ་ནུས་སྟོབས་གོང་འཕེལ་གནང་ཕྱོགས་སོགས་ཀྱི་སྐོར་ལ་གསར་འགོད་པ་སྒྲོལ་མ་ལྷ་མོས་བཀའ་འདྲི་ཞུས་པ་ཞིག་གསན་གནང་གི་རེད།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།