དབྱིན་ཡུལ་དུ་བོད་ཀྱི་གློག་བརྙན་དུས་ཆེན་ཐེངས་བཞི་པ་འཚོགས་པའི་སྐོར།

2024.12.02
དབྱིན་ཡུལ་དུ་བོད་ཀྱི་གློག་བརྙན་དུས་ཆེན་ཐེངས་བཞི་པ་འཚོགས་པའི་སྐོར།
Photo: RFA

བོད་ཀྱི་གློག་བརྙན་དུས་ཆེན་ནི་བོད་ཀྱི་གློག་བརྙན་བཟོ་སྐྲུན་མཁན་དོན་འགྲུབ་དབང་ཆེན་ལགས་ལ་ལེགས་སྐྱེས་འབུལ་ཆེད་དུ་ཕྱི་ལོ་ ༢༠༠༩ ལོར་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། ཁོང་གིས་ཕྱི་ལོ་ ༢༠༠༨ ལོའི་རྒྱ་ནག་རྒྱལ་ས་པེ་ཅིང་གི་ཨོ་ལིམ་པིཀསི་རྩེད་འགྲན་གྱི་སྔ་རོལ་དུ་སྒེར་གྱི་ཉེན་ཁར་མ་འཛེམ་པར་བོད་ནང་གི་བོད་པ་དཀྱུས་མ་ཚོའི་བསམ་ཚུལ་འདུ་རུབ་ཀྱིས་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་སྐྲུན་གནང་བར། ལོ་ངོ་དྲུག་གི་རིང་རྒྱ་ནག་གཞུང་གིས་བཙོན་འཇུག་མནར་གཅོད་བཏང་སྟེ་ ༢༠༡༧ ལོར་ཁོང་བོད་ནས་བྲོས་བྱོལ་གྱིས་ཨ་རིར་གནས་སྡོད་ཁོང་གི་ནང་མི་དང་ལྷན་འཛོམས་བྱུང་ཡོད་པ་རེད། ཉེ་ཆར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་ཉིན་གསུམ་རིང་བོད་གྱི་གློག་བརྙན་དུས་ཆེན་ཐེངས་བཞི་པ་གོ་སྒྲིག་གནང་བའི་སྐོར་དང་། དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་པའི་བོད་ཀྱི་གློག་བརྙན་གྱི་འགྱུར་ལྡོག་དང་དེའི་ནུས་པ་སོགས་ཀྱི་སྐོར། གོ་སྒྲིག་གནང་མཁན་ཁོངས་བདེ་ཆེན་སྤེན་པ་ལགས་སུ་གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱིས་བཀའ་འདྲི་ཞུས་པའི་ལེ་ཚན་འདི་གཤམ་ལ་གསན་གནང་གི་རེད།

གསར་འགོད་པ། སྒྲོལ་མ་ལྷ་མོ།

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎