བོད་ཀྱི་ཚན་རིག་ཚོགས་པའི་ཚོགས་འདུ།


2014.12.23
བོད་ཀྱི་ཚན་རིག་ཚོགས་པའི་ཚོགས་འདུ། བོད་ཀྱི་ཚན་རིག་ཚོགས་པའི་ཚོགས་འདུ་ཐེངས་གསུམ་པ།
བོད་ཀྱི་ཚན་རིག་ཚོགས་པ།

༄༅།    །དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་འདིའི་ནང་རྒྱ་གར་གྱི་སྦེང་ལོར་གྲོང་ཁྱེར་ནང་སྐོང་ཚོགས་བྱས་པའི་བོད་ཀྱི་ཚན་རིག་ཚོགས་པའི་ཚོགས་འདུ་ཐེངས་གསུམ་པའི་སྐོར་ལ་འབྲེལ་ཡོད་མི་སྣ་ཁག་ཅིག་ལྷན་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།

ཡང་ཤེས་ཡོན་སློབ་གསོའི་ལེ་ཚན་ནང་། ཉེ་དུས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་Bangalore ནང་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་ཁང་འདྲ་མིན་ནང་ཚན་རིག་ཐོག་སློབ་སྦྱོང་དང་ཞིབ་འཇུག་གནང་མཁན་བོད་པའི་སློབ་མ་༨༠ལྷག་འདུ་འཛོམས་ཀྱིས་ཉིན་གྲངས་བཞིའི་རིང་ཚན་རིག་ཞིབ་འཇུག་དང་འབྲེལ་བའི་བརྗོད་གཞི་སྐོར་ལྷན་ཚོགས་ཞིག་གནང་ཡོད་པའི་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎