རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་རྩོམ་ཕྱག་དེབ་འགྲེམས་སྤེལ་ཞུས་པ།
༢༠༢༤ ཟླ་ ༡༠ ཚེས་ ༡༦ ནས་ཚེས་ ༢༠ བར་འཇར་མ་ནིའི་ (Germany) གྲོང་ཁྱེར་ཧྥརེང་ཕརཊི་ (Frankfurt) ནང་དུ་འཚོགས་པའི་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་ ༧༦ པའི་ཐོག་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་མཉམ་ཞུགས་གནང་སྟེ། ༧རྒྱལ་དབང་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསུང་རྩོམ་གཙོ་བོར་གྱུར་བའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཕྱག་དེབ་ཁག་ངོ་སྤྲོད་གནང་ཡོད་པ་རེད། འདི་ལོ་ནི་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་འཇར་མ་ནིའི་ (Germany) རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་དེའི་ནང་ཞུགས་ཐེངས་གསུམ་པ་དེ་རེད་འདུག
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་འགན་འཛིན་རྒན་ལུང་རྟོགས་དགེ་འདུན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།