བརྙན་འཕྲིན་གསར་འགྱུར། ༢༠༢༥།༠༣།༡༥

བརྙན་འཕྲིན་གསར་འགྱུར། ༢༠༢༥།༠༣།༡༥ • སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ ༢༠༢༥ ལོའི་ (Gold Mercury) ་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་གཏན་འཁེལ་འདུག • ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་སྐྱེས་རབས་ཀྱི་ཆོས་འབྲེལ་སྩལ་པའི་སྐབས། འབྱུང་འགྱུར་ལོ་ངོ་བཅུ་ཕྲག་གཉིས་ལྷག་༧སྐུ་ཚེ་བརྟན་ཏེ་འགྲོ་བའི་དོན་དུ་མུ་མཐུད་མཛད་པ་བསྐྱང་རྒྱུ་ཡིན་ཞེས་བཀའ་བཞེས་སྨིན་སྩོལ་བྱུང་འདུག • ཨ་རི་དང་། སུད་སི། ཁེ་ན་ཌ་སོགས་སུ་བོད་ཀྱི་བེུད་སྒེར་ལངས་ཉིན་མོར་མར་མེའི་ཁྲོམ་སྐོར་དང་རྔམ་སྟོན་སྐད་འབོད་གནང་སྟེ་སྲུང་བརྩི་ཞུས་འདུག • ལོ་རྒྱུས་ལ་ཕྱིར་དྲན་གྱིས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱེན་ལངས་བྱས་པའི་གནས་ཚུལ་དང་དེའི་རྗེས་འབྲས་ཀྱི་གནས་ཚུལ་ལ་བསྐྱར་ལྟའི་ཆེད་གླེང་མོལ་ཞུས་པ་བཅས་རྒྱང་བསྲིངས་ཞུ་རྒྱུ་ཡོད། Reporter: Tashi Wangchuk Producer: Yeshi Tashi