བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཧོང་ཀོང་དམངས་གཙོ་ལྷན་ཚོགས་གཉིས་ཀྱིས་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་རྒྱ་ནག་གཞུང་གིས་དྲག་གནོན་ཕྱིར་འདྲེན་ཞེས་པའི་སྙན་ཐོ་ཞིག་བཏོན་ཞིང་། དེའི་ནང་སྔ་ལོ་ཕྱི་ཟླ་ ༡༡ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིའི་ San Francisco རུ་ཨེ་ཤེ་ཡའི་ཚོང་དོན་ལྷན་ཚོགས་སུ་བསྐྱོད་སྐབས། རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་ཚོས་བོད་མི་དང་། ཧོང་ཀོང་། ཡུ་གུར་རང་དབང་འཐབ་རྩོད་པ་དང་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་བཅས་ལ་རྒོལ་རྡུང་བཏང་པ་དང་། བསུན་གཙེར་བཟོས་པ་བཅས་ཀྱི་གནས་ཚུལ་ཐེར་འདོན་བྱས་འདུག ཐེངས་འདིའི་གླེང་མོལ་གྱི་ལེ་ཚན་ནང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་འཆི་མེད་ལྷ་མོ་ལགས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱི་དབར་གླེང་མོལ་གནང་པར་གཟིགས་རོགས་གནང་།
Exporting Repression: Attacks on protesters during Xi Jinping’s visit to San Francisco in November 2023
Host: Dorjee Damdul
Producer: Nordhey Dolma