བརྙན་འཕྲིན་གསར་འགྱུར། ༢༠༢༤།༠༢།༢༩

ཐེངས་འདིའི་བརྙན་འཕྲིན་གསར་འགྱུར་ནང་། ༡) སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཟླ་དང་པོ་གཅིག་པུའི་ནང་དགེ་འདུན་པ་ ༣༠༠ ཙམ་ལ་བསྙེན་རྫོགས་དགེ་སློང་གི་སྡོམ་པ་འབོག་འཇོག་མཛད་འདུག ༢) དབོན་སྟོད་ཁུལ་ནས་བོད་མི་ ༡༠༠༠ ལྷག་རྒྱ་ནག་གིས་འཛིན་བཟུང་བྱས་པའི་ཁྲོད་ནས་མི་གང་ཙམ་ཞིག་ཕྱི་ཟླ་ ༢ ཚེས་ ༢༦ ནས་གློད་གྲོལ་གཏོང་འགོ་བཙུགས་འདུག་ཀྱང་ཁོང་ཚོར་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མི་ཆོག་པའི་དམ་དྲག་ཤུགས་ཆེ་བྱེད་བཞིན་འདུག ༢)བོད་མི་གནས་ཡུལ་འཛམ་གླིང་གི་ས་ཕྱོགས་མང་པོའི་ནང་རྒྱ་ནག་གཞུང་གིས་སྡེ་དགེ་ཁུལ་དུ་བོད་མི་འཛིན་བཟུང་བྱས་པའི་གནད་དོན་ཐད་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བཞིན་པ་ལྟར། ཁ་ས་ལ་དྭགས་ཁུལ་དུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་སྤེལ་འདུག Anchor:Kalden Lodoe Producer: Nordhey Dolma