བོད་ཀྱི་བཙོན་འོག་རྩོམ་པ་པོའི་དམིགས་བསལ་སྙན་ཐོ་འདོན་སྤེལ་གནང་ཡོད་པ།

2021-11-23
Share
བོད་ཀྱི་བཙོན་འོག་རྩོམ་པ་པོའི་དམིགས་བསལ་སྙན་ཐོ་འདོན་སྤེལ་གནང་ཡོད་པ། བོད་ཀྱི་བཙོན་འོག་རྩོམ་པ་པོའི་དམིགས་བསལ་སྙན་ཐོ་འདོན་སྤེལ་གནང་ཡོད་པ།
པེན་བོད་ཀྱི་དྲ་བ།

བོད་ཀྱི་བཙོན་འོག་རྩོམ་པ་པོའི་དམིགས་བསལ་སྙན་ཐོ། ཕྱི་ཟླ་ ༡༡ པའི་ཚེས་ ༡༥ ཉིན་རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོའི་ཉིན་མོ་དང་སྟབས་བསྟུན་འཛམ་གླིང་ཡུལ་གྲུ་ ༡༡༥ ཙམ་གྱི་ནང་པེན་རྩོམ་པ་པོའི་མཐུན་ཙོགས་ ༡༥༠ ཙམ་གྱིས་ཚོགས་པ་འདི་ཐོག་མར་བཙུགས་ནས་ལོ་བརྒྱ་ཐམ་པ་འཁོར་བའི་ཉིན་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་རྩིས་ཞུས་ཡོད་པ་རེད།  དེ་ཉིན་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ངོས་ནས་བོད་ཀྱི་བཙོན་འོག་རྩོམ་པ་པོའི་དམིགས་བསལ་སྙན་ཐོ་འདོན་སྤེལ་གནང་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་ནང་རྟེན་གཞི་ཆགས་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་བོད་ཀྱི་རྩོམ་རིག་སློབ་གཉེར་ཚན་པའི་སློབ་དཔོན་ཨ་འབྲུག་དཀོན་མཆོག་ལགས་དང་ལྷན་བོད་ནང་གི་རྩོམ་པ་པོའི་རང་དབང་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།