BRICS ཞེས་པའི་རྒྱལ་ཁབ་ལྔའི་ལྷན་ཚོགས་ནང་ཚོགས་མི་རྒྱལ་ཁབ་གསར་པ་དྲུག་གསར་འཇུག་བྱས་ཡོད་པ།
2023.08.31
བོད་དང་རྒྱལ་སྤྱིའི་གནས་བབ་ཞེས་པའི་ལེ་ཚན་ནང་། ལྷོ་ཨ་ཕི་རི་ཀའི་ནང་ཚོགས་པའི་ BRICS ཞེས་པའི་རྒྱལ་ཁབ་ལྔའི་དབུ་ཁྲིད་ཀྱི་ལྷན་ཚོགས་འདིའི་ནང་ཚོགས་མི་རྒྱལ་ཁབ་གསར་པ་དྲུག་གསར་འཇུག་བྱས་ཡོད་ཅིང་། BRICSམཐུན་ཚོགས་རྒྱ་སྐྱེད་བཏང་སྟེ་ཨ་རི་གཙོ་གྱུར་གྱིས་ནུབ་ཕྱོགས་ཡུལ་གྲུའི་འཛམ་གླིང་ནང་ཚབ་སྲིད་དང་དཔལ་འབྱོར་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པ་ལྟར་BRICS ཞེས་པའི་མཐུན་ཚོགས་ཀྱི་ནུས་ཤུགས་ཆེ་རུ་གཏོང་ཐབས་ཀྱི་དམིགས་ཡུལ་བཅང་གི་ཡོད་མིན་སོགས་ཀྱི་སྐོར་བོད་ཀྱི་སྲིད་ཇུས་ཉམ་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་གཉིས་ཀྱིས་གླེང་མོལ་གནང་བ་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་དེ་སྐྱིད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།