བོད་པས་བོད་པར་རོགས་སྐྱོར་གྱི་ལས་གཞི་དང་། ཡོ་རོབ་ཀྱི་ཡུལ་ལུང་ནང་བོད་ཀྱི་ཆོས་དང་རིག་གཞུང་ཁྱབ་གདལ་འགྲོ་ཚུལ།
2023.12.26
ཨི་ཊ་ལི་ནང་གནས་བཞུགས་ཆོས་གྲུབ་ཚེ་རིང་ལགས་ཁུལ་དེར་ ༡༩༨༡ ཙམ་ནས་གསུང་སྒྱུར་ཐོག་ནས་ཕེབས་ཏེ་ས་ཁུལ་དེར་སྤོ་བཞུད་གནང་པ་ནས་བཟུང་ད་བར་ལོ་ངོ་ ༤༠ ལྷག་སོང་ཞིང་། ཨི་ཊ་ལི་མི་ལ་ནོ་གཙུག་ལག་སློབ་ཆེན་དུ་སློབ་དཔོན་གྱི་ཕྱག་ལས་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཆོས་གྲུབ་ཚེ་རིང་ལགས་ཀྱིས་དང་པོ་ཁུལ་དེར་སྤོ་བཞུད་ཀྱི་ལོ་རྒྱུས་དང་འབྲེལ་ནས་དམར་ཤོག་གི་ཤུགས་རྐྱེན་ཆེ་བའི་ཡོ་རོབ་ཀྱི་ཡུལ་ལུང་ནང་བོད་ཀྱི་ཆོས་དང་རིག་གཞུང་ཁྱབ་གདལ་འགྲོ་ཚུལ། གཉིས་པ་བོད་པས་བོད་པར་རོགས་སྐྱོར་གྱི་ལས་གཞི་དང་འབྲེལ་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པའི་ལེ་ཚན་དང་པོ་འདི་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག