ཐའེ་ཝན་གྱི་འོས་བསྡུ་ཆེན་མོ་དེས་ཐའེ་ཝན་དང་རྒྱ་ནག་གི་འབྲེལ་བར་ཤུགས་རྐྱེན་ཇི་ཡོད་དང་བོད་མིར་ཤུགས་རྐྱེན་གང་འདྲ་ཡོད་མེད་སྐོར།
2023.12.26
རྒྱ་ཡིག་གི་ཚགས་པར་དང་བརྒྱུད་ལམ་ཐོག་བོད་ཀྱི་གནད་དོན་ཞེས་པའི་ལེ་ཚན་ནང་། ཐའེ་ཝན་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་དེ་༢༠༢༤ལོའི་སྤྱི་ཟླ་དང་པོའི་ཚེས་༡༣ཉིན་འགོ་ཚུགས་རྒྱུ་ཡིན་པ་རེད། ཐའེ་ཝན་གྱི་འོས་བསྡུ་ཆེན་མོ་དེས་ཐའེ་ཝན་དང་རྒྱ་ནག་གི་འབྲེལ་བར་ཤུགས་རྐྱེན་ཇི་ཡོད་དང་། འོས་བསྡུ་དེས་བོད་མིར་ཤུགས་རྐྱེན་གང་འདྲ་ཡོད་མེད། དེ་བཞིན་ཐའེ་ཝན་ནང་གནས་སྡོད་བོད་མི་ཚོས་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུར་ལྟ་ཚུལ་ཇི་ཡོད་སོགས་ཀྱི་སྐོར། ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། ཐའེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲིས་ཚེ་རིང་ལགས་སུ། ཨ་སྒྲོལ་གྱིས་བཅར་འདྲི་དང་གནས་ཚུལ་ཕྱོགས་བསྡུས་ཞུས་པ་ཞིག་ལ་གསན་རོགས་ཞུ།།
གསར་འགོད་པ། ཨ་སྒྲོལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག