དབྱིན་ཇིའི་གྲོས་ཚོགས་སུ་བོད་ཀྱི་ནང་པ་ཚོའི་ཐོག་སྡང་འཛིན་ཞེས་པའི་བགྲོ་གླེང་གནང་པ།

2023.12.16
དབྱིན་ཇིའི་གྲོས་ཚོགས་སུ་བོད་ཀྱི་ནང་པ་ཚོའི་ཐོག་སྡང་འཛིན་ཞེས་པའི་བགྲོ་གླེང་གནང་པ།
སྒྲིག་བཟོ།

དབྱིན་ཇིའི་གྲོས་ཚོགས་སུ་ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་བོད་ནང་ནང་པ་ཚོར་སྡང་འཛིན་དང་དྲག་གནོན་ཞེས་པའི་བརྗོད་གཞིའི་ཐད་དམིགས་བཀར་བགྲོ་གླེང་གནང་ཡོད་ཅིང་།  སྐབས་དེར་དབྱིན་ཇིའི་གཞུང་འཛིན་ངོས་ནས་ཕྱི་སྲིད་ལས་ཁུངས་ཀྱི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་བློན་ཆེན་ཕེབས་ཞུགས་ཀྱིས་འགན་འཁུར་ལན་འདེབས་གནང་པ་སོགས་བྱུང་ཡོད་ཅིང་།  ཚོགས་འདུ་དེའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་འདེམས་བསྐོ་གནང་ཕྱོགས་ཐད་བོད་མིའི་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་མང་ཚོགས་ལ་ཡོད་པའི་བདག་དབང་འདི་སྲུང་སྐྱོབས་དགོས་པའི་སྐོར་གླེང་སློང་བྱུང་འདུག  གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཕརསི་བསོད་ནམས་ཚེ་རིང་ལགས་དང་།  བོད་རང་དབང་ཚོགས་པའི་ཞུ་གཏུགས་འགན་འཁུར་བ་བསྟན་འཛིན་ཀུན་དགའ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་བཀའ་དྲི་ཞུས་པའི་ལས་རིམ་ཞིག་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་༧ཞབས་སོར་བདེ་བར་འཁོད་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎