མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་རིང་མིན་རྒྱ་ནག་ཏུ་འཚམས་འདྲི་ཕེབས་རྒྱུ།

2022.04.21
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་རིང་མིན་རྒྱ་ནག་ཏུ་འཚམས་འདྲི་ཕེབས་རྒྱུ།
མཉམ་སྦྲེལ་རྒྱལ་ཚོགས།

ཐེངས་འདིའི་གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ལྕམ་Michelle Bachelet མཆོག་རིང་མིན་རྒྱ་ནག་ཏུ་འཚམས་འདྲི་ཕེབས་རྒྱུའི་གནས་ཚུལ་ཐོན་པར་འགྲོ་བ་མིའི་བལྟ་ཞིབ་ཚོགས་པའི་རྒྱ་ནག་གི་ཚན་པའི་འགན་འཛིན་ལྕམ་Sophie Richardson ཞུ་བས་འདི་ག་རླུང་འཕྲིན་ཁང་ལ་ལྕམ་Michelle Bachelet བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་གཟིགས་ཞིབ་གནང་བར་ངེས་པར་དུ་བོད་དུ་ཕེབས་དགོས་ཀྱི་རེད་ཅེས་གསུངས་པའི་སྐོར་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པ་གཙོས་པའི་ཚོགས་པ་༦༠ལྕམ་Bacheletམཆོག་གི་རྒྱ་ནག་གི་འཚམས་འདྲི་དེ་ནི་རྒྱ་ནག་གཞུང་གི་མགོ་སྐོར་འོག་ཏུ་མ་ཚུད་པའི་ཡིད་ཆེས་འཕེར་བ་ཞིག་གནང་དགོས་པའི་འབོད་སྐུལ་གྱི་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་དོན་སྐོར་གཡུ་སྒྲོན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎