ལྷ་ས་ནས་གྲྭ་༣༠འཛིན་བཟུང༌།
2011.07.30

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཀླུ་འབུམ་བཀྲ་ཤིས།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཉེ་ཆར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིང་ཕིང་གིས་སྣེ་ཁྲིད་པའི་མི་གྲངས་དྲུག་བཅུ་ལས་གྲུབ་པའི་མཐོ་རིམ་སྐུ་ཚབ་ཚོགས་པ། བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་བའི་སྔ་ནུབ་ཏུ། རྒྱ་ནག་གི་འབྲེལ་ཡོད་ཚན་པས་གདན་ས་གསུན་གྱི་གཙོས་ཇོ་ཁང་སོགས་ནས་དགེ་འདུན་པ་༣༠ལྷག་གསང་སྟབས་ཀྱིས་འཛིན་བཟུང་བྱས་ཡོད་པའི་སྐོར། མིང་འདོད་གནང་འདོད་མེད་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་གནོངས༎