རྒྱལ་སྤྱིའི་གློག་བརྙན་དུས་སྟོན་༢།
2013.10.22
༄༅༎ཕྱི་ཟླ་༡༠ཚེས་༢༢ཉིན་བཞུགས་སྒར་དྷ་རམ་ས་ལར་རྒྱལ་སྤྱིའི་རང་བཞིན་གྱི་གློག་བརྙན་དུས་སྟོན་ཐེངས་གཉིས་པ་འཚོགས་རྒྱུ་ཡིན་སྐོར་བོད་རིགས་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་དང་ཁོང་གི་བཟའ་ཟླ་རྒྱ་གར་བ་རི་ཏུ་ས་རིན་གཉིས་ཀྱིས་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང༌།ཐེངས་འདིའི་དུས་སྟོན་ཐོག་འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་ནང་བསྐྲུན་པའི་གློག་བརྙན་གཟིགས་འབུལ་ཞུ་འཆར་ཡོད་པ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བྷེ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎