འབྲི་རུ་རྫོང་དུ་རང་བཙན་སྐད་འབོད་བྱས་པ།
2013.09.12
༄༅༎བོད་རང་སྐྱོང་ལྗོངས་ནག་ཆུ་འབྲི་རུ་རྫོང་དུ་བོད་མི་ཞིག་གིས་བོད་རང་བཙན་གྱི་སྐད་འབོད་གནང་བར་བརྟེན། ཁོང་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་གིས་གར་སོང་ཆ་མེད་གྱུར་ཡོད་པའི་སྐོར་དང་། ཡང་དཀོན་མཆོག་དབང་མོ་ལགས་ཀྱིས་རང་ལུས་མེར་བསྲེགས་སྐབས་མཛོད་དགེ་རྫོང་གིས་རྫོང་དཔོན་གྱི་གོ་གནས་སྲུང་སྐྱོབ་ཆེད་སྒྲོལ་མ་སྐྱབས་ལ་ཉེས་འཛུགས་ཀྱི་དཔང་རྟགས་རྫུན་བཟོ་བྱས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བློ་བེ་ཡིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎