༸གོང་ས་མཆོག་གི་གསུང་འཕྲིན།


2013.09.30
༸གོང་ས་མཆོག་གི་གསུང་འཕྲིན་དེ་བོད་ནང་ཁྱབ་བསྒྲགས་རྒྱ་ཆེ་བྱུང་ཡོད་པ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག།
༸གོང་ས་མཆོག་གི་དྲ་གནས།

༄༅༎ཉེ་ཆར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་ཏེ། བོད་མི་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་ཐུབ་པའི་དུས་ཚོད་ཅིག་ཏན་ཏན་ཤར་ངེས་རེད། དེ་འདྲ་ཞིག་ཡོང་བའི་གནས་སྟངས་ཤིག་ལ་ངོས་ཀྱི་མི་ཚེས་འདང་ངེས་རེད་ཅེས་སྐལ་བཟང་གི་བཀའ་སློབ་ཕེབས་པ་དེ། ཕྱི་ཚེས་༢༣ཉིན་སྤྱི་འཐུས་ཚོགས་གཙོ་དང་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་ཁྱབ་བསྒྲགས་གནང་མ་ཐག དྲ་ལམ་འདྲ་མིན་བརྒྱུད་དེ་འཛམ་སྤྱི་དང་ལྷག་པར་དུ་བོད་ནང་ཁྱབ་བསྒྲགས་རྒྱ་ཆེ་བྱུང་སྟེ། བོད་མི་ཚོས་དགའ་སྤྲོ་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། རྒྱ་གཞུང་ས་གནས་ལས་བྱེད་ཚོས་ཤེས་རྟོགས་བྱུང་སྟེ་ཁམས་ཕྱོགས་སུ་ས་གནས་ཁག་ཅིག་གི་ནང་དགའ་སྐྱིད་རྣམ་པ་སྟོན་མི་ཆོག་པ་སོགས་ཀྱི་ཁྱབ་བསྒྲགས་བྱས་ཡོད་པའི་སྐོར། བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎