བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སྲིད་སྐྱོང་འོས་མིར་བཞེངས་རྒྱུ་ཡིན་པ་རེད་འདུག


2020-09-08
Share
བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས།
དྲ་བཤུས།SKND/FB

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་༢༠༢༡་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མིར་བཞེངས་རྒྱུ་ཡིན་པ་རེད་འདུག
སྤྱི་ལོ་༢༠༢༠་ལོའི་སྤྱི་ཟླ་༩་པའི་ཚེས་༧་ཉིན། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་༢༠༢༡་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མིར་ལངས་རྒྱུ་ཡིན་པའི་ཐད་ཁོང་གི་རྒྱབ་སྐྱོར་བ་ཚོས་དྲ་ཚིགས་ཤིག་འདོན་སྤེལ་གནང་འདུག་པ་དང་། འདི་ག་ཨེ་ཤེ་ཡ་རང་དབང་རླུང་ཁང་གིས་འབྲོང་ཆུང་དངོས་གྲུབ་ལགས་སུ་འབྱུང་འགྱུར་༢༠༢༡་ལོའི་སྲིད་སྐྱོང་འོས་མིར་དངོས་སུ་ལངས་རྒྱུ་ཡིན་མིན་སྐོར་བཅར་འདྲི་ཞུས་པར། ཁོང་གིས། ངོས་ཀྱི་རྒྱབ་སྐྱོར་བ་ཁག་ཅིག་ནས་རེ་སྐུལ་ཞུས་པ་བཞིན་ངོས་རང་༢༠༢༡་ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུའི་འོས་མི་ནང་སླེབས་པ་ཡིན་ཚེ་། དགོངས་ཞུ་བྱ་རྒྱུ་མིན་པར་སྲིད་སྐྱོང་འོས་མིར་ལངས་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་སོང་། ཡིན་ན་ཡང་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ད་ལྟའི་ཆར་ཁོང་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་འགན་ཁུར་གནང་མུས་ཡིན་པར་བརྟེན། ད་ཆ་སྲིད་སྐྱོང་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་རིགས་གང་ཡང་བྱེད་རྒྱུ་མེད་ཅེས་དང་། དེ་བཞིན་འབྱུང་འགྱུར་དངོས་གཞིའི་འོས་བསྡུའི་སྐབས་ཀྱང་སྲིད་སྐྱོང་གི་འོས་མིའི་འགྲན་རྩོད་ནང་ཞུགས་ཏེ་ཁྱབ་བསྒྲགས་དང་མི་དམངས་ལ་གཏམ་བཤད་རིགས་གང་ཡང་བྱ་འདོད་མེད་པ་འགྲེལ་བརྗོད་གནང་སོང་།
བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ནི། སྤྱི་ལོ་ ༡༩༩༡ ་ནས་ ༢༠༠༧ བར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་དྲུང་ཆེ་གནང་ཡོད་པ་དང་། སྤྱི་ལོ་ ༢༠༠༧ ་ནས་ ༢༠༡༦ ་བར་ལོ་ ༩་ཡི་རིང་བདེ་སྲུང་བཀའ་བློན་གནང་ཡོད་པ་རེད་འདུག
སྤྱི་ལོ་༢༠༢༡་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་བསྡུའི་ལས་རིམ་ནང་ད་བར་དངོས་སུ་ཡོངས་གྲགས་སུ། སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་གནང་བའི་ནང་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དང་། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས། སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས། སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས། ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་རྡོར་ལགས། བོད་མིའི་སྤྱི་མཐུན་མཉམ་སྦྲེལ་དྲུང་ཆེ་ཟུར་པ་བཀྲིས་དབང་འདུས་ལགས།

དེ་བཞིན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་བཅས་ཡིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།