བོད་མིའི་སྒྲིག་འཛུགས་ཀྱིས་ ༢༠༢༡ ལོར་འགོ་འཛུགས་གནང་པའི་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ།
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་མིའི་སྒྲིག་འཛུགས་ཀྱིས་ ༢༠༢༡ ལོར་འགོ་འཛུགས་གནང་པའི་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ VTAG དང་ཨ་མི་རི་ཀའི་སིཡེ་ཊལ་ས་གནས་སུ་བོད་མི་ཚོས་དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ། དེའི་ཕན་གནོད་དང་འབྲེལ་བའི་སྐོར་སིཡེ་ཊལ་བོད་དོན་ཞུ་གཏུགས་ཚོགས་མིའི་ཁོངས་ནས་བདམས་ཐོན་རྒྱུན་ལས་དང་གཟའ་མཇུག་སློབ་གྲྭའི་འགན་འཛིན་ཤསྟྲི་བློ་བཟང་ཚེ་རིང་ལགས་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཟུར་སོག་པོ་བསྟན་འཛིན་ཆོས་སྐྱིད་ལགས། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་བོད་དོན་ཞུ་གཏུགས་འབྲེལ་མཐུད་འགན་འཁུར་བ་པ་སངས་བུ་ཁྲིད་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ།་བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།