རྒྱ་ནག་ཕྱི་སྲིད་བློན་ཆེན་ཆིན་ཀང་གོ་གནས་ནས་མེད་པ་བཟོས་པའི་འགག་རྩ།
2023.07.29
རྒྱ་ནག་གཞུང་གིས་ཕྱི་སྲིད་བློན་ཆེན་གསར་པ་ཆིན་ཀང་གློ་བུར་དུ་གོ་གནས་ནས་མེད་པ་བཟོས་པ་འདིའི་ཐད་འཛམ་གླིང་ཆབ་སྲིད་ཀྱི་གནད་དོན་དབྱེ་ཞིབ་པ་ཚོས་དྭོགས་སློང་གི་དྲི་བའི་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅིང་། རེ་འགས་འདིའི་རྒྱབ་ལྗོངས་ཀྱི་ཆབ་སྲིད་ཀྱི་འགྲོས་ལ་དྲི་བ་ཆེན་པོ་གླེང་བཞིན་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱལ་སྤྱིའི་འབྲེལ་ལམ་ཐད་ཀྱི་ཉམས་ཟིབ་པ་བསྟན་འཛིན་དབང་ཕྱུག་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།