པན་ཆེན་རིན་པོ་ཆེའི་འཁྲུངས་སྐར།
2012.04.25

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། པདྨ་དངོས་གྲུབ།
༄༅༎ཕྱི་ཟླ་༤ཚེས་༢༥རེས་གཟའ་ལྷག་པའི་ཉིན་འཛམ་གླིང་ས་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ཉེར་གསུམ་ལ་ཕེབས་པའི་འཁྲུངས་སྐར་ཉིན་མོར་སྲུང་རྩི་དང་།ཁོང་རྒྱ་གཞུང་གི་བཙོན་ནས་ཕྲལ་དུ་གློད་བགྲོལ་དགོས་པའི་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་བཞིན།དེ་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞིན་གནང་བའི་བཀྲ་ཤིས་ལྷུན་དགོན་པར་དམིགས་བསལ་མཛད་སྒོ་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎