ཞིབ་འཇུག་བྱེད་པར་ཡོང་ན་དགའ་བསུ་ཡོད།


2013-11-11
Share
སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོཊ་ཚོགས་དུས་གཉིས་པ། བཙན་བྱོལ་ནང་གི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གཉིས་པ་འཚོགས་བཞིན་པ།
བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱ།

དམར་ཤོག་དྲུང་ཆེ་ཁྲེན་ཆོན་གོ་ཡི་རྩོམ་ཡིག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ངོས་ལེན་མེད་པའི་བསྒྲགས་གཏམ་སྤེལ་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༡༡ པའི་ཚེས་ ༡ཉིན་རྒྱ་གཞུང་གིས་གཉེར་བའི་དུས་དེབ་དང་བརྒྱུད་ལམ་ཁག་ཏུ། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་ཡིས་རལ་གྲི་གཤོམ་པའི་སྙིང་སྟོབས་ཀྱི་ཐོག་ནས་བོད་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་པའི་རྩོམ་ཡིག་སྤེལ་བ་དེ་ནི།  རྒྱ་བོད་མི་རིགས་གཉིས་དབར་འགལ་ཟླ་དང་འཁོན་འཛིན་ཆེ་རུ་འགྲོ་བའི་གཞི་དང་།   བོད་མི་རིགས་ཀྱི་སེམས་ཁམས་ལ་ཏིལ་འབྲུ་ཙམ་ཡང་མ་བསྟུན་པ་རེད་ཅེས་དང་། བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་སོགས་གང་བྱས་ཀྱང་། ཕྱི་གསལ་ནང་གསལ་གྱི་ཐོག་ནས་བྱེད་བཞིན་ཡོད་ལ། བོད་ལྗོངས་ཁ་བྲལ་གྱི་ཆེད་དུ་སིམ་འཛུལ་ནམ་ཡང་བྱས་མེད། བོད་ནང་རང་ལུས་མེར་སྲེག་གིས་མཚོན་ལས་འགུལ་གཅིག་མཇུག་གཉིས་མཐུད་བྱེད་པའི་སྐབས། རྒྱ་ནག་གཞུང་གིས། རྐུ་མ་རང་གིས་བརྐུས་ཡ་ལ་གཞན་ལ་དཀྲི་ཟེར་བའི་དཔེ་བཞིན། ༧ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ངན་ཁག་དཀྲི་ཐབས་བྱས་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱིས། རྒྱ་གཞུང་གིས་ངན་ཁག་གཞན་དཀྲིས་དེ་ལྟར་བྱེད་པར་དཔང་རྟགས་དགོས་པ་དང་།  རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་ཞིབ་འཇུག་བྱེད་པར་ཡོང་ན་དགའ་བསུ་ཡོད་ཅེས་སོགས་བཀོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།