བོད་ཀྱི་ལོ་རྒྱུས་ངོ་སྤྲོད།
2023.11.14
གཏམ་གླེང་ཞལ་པར་ལེ་ཚན་ནང་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་བོད་པས་ལོ་རྒྱུས་ལ་ངོས་འཛིན་དང་བོད་ཀྱི་ས་ཁམས་ཆགས་ཚུལ། བོད་ཀྱི་བཙན་པོའི་སྐབས། བོད་སིལ་བུའི་སྐབས། ས་སྐྱའི་སྐབས། ཕག་གྲུའི་སྐབས། རིན་གཙང་གཉིས་ཀྱི་སྐབས། དགའ་ལྡན་ཕོ་བྲང་གི་སྐབས་ནས་ད་བར་གྱི་འདས་པའི་ལོ་རྒྱུས་ལ་ཕྱིར་དྲན་ཞུས་པའི་ཐོག་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་ཚུལ་ཁག་ནས་བསླབ་བྱ་དང་མི་རབས་གསར་པས་རང་མི་རིགས་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཤེས་རྟོགས་ཡོང་ཆེད་ལེ་ཚན་ཁག་གོ་སྒྲིག་ཞུས་ཡོད་པས་རིམ་པས་གསན་རོགས་གནང་།