ཕྱི་རྒྱལ་གསར་འགོད་པ་ཞིག་རྒྱ་ནག་དང་ཁ་བྲལ་དགོས་བྱུང་བ།

2015-12-31
གློག་འཕྲིན།
མཆན།
Share
པར་བཀོད།
ཧྥ་རན་སུའི་གསར་འགོད་པ་Ursula Gauthierལགས།
ཧྥ་རན་སུའི་གསར་འགོད་པ་Ursula Gauthierལགས།
AFP

ཧྥ་རན་སུའི་གསར་འགོད་པ་ཞིག་རྒྱ་ནག་ནང་མུ་མཐུད་ལས་ཀ་བྱེད་ཆོག་པའི་མཐོང་མཆན་མ་སྤྲད་པར་བརྟེན་རྒྱ་ནག་དང་ཁ་བྲལ་དགོས་བྱུང་བ།
དེ་ཡང་Franceགསར་འགོད་པ་ཞིག་གིས་ཤིན་ཅང་གི་ཁ་ཆེའི་གུ་ཡུར་བ་གཙོ་བོར་བཟུང་སྟེ། རྒྱ་ནག་གཞུང་གིས་དྲག་ཟིང་གི་དོན་རྐྱེན་ཐོག་ལ་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པའི་རྗེས་རྒྱ་ནག་གི་དཔོན་རིགས་ནས་གསར་འགོད་པ་ཁོང་རང་ཡུལ་དུ་ཕྱིར་ལོག་བྱེད་དུ་བཅུག་ཡོད་པ་རེད།
རྒྱ་ནག་ནང་གི་ཧྥ་རན་སི་གསར་འགྱུར་དུས་དེབ་L’Obs ཞེས་པའི་གསར་འགོད་པ་Ursula Gauthierཞུ་བས། རྒྱལ་སྤྱིའི་འཇིགས་སྐུལ་དྲག་སྤྱོད་པས་སྤེལ་བའི་དྲག་པོའི་དོན་རྐྱེན་དང་། རྒྱ་ནག་ནང་དུ་ཡོད་པའི་ཡུ་གུར་གྲངས་ཉུང་མི་རིགས་ཀྱིས་སྤེལ་བའི་དྲག་པོའི་དོན་རྐྱེན་གཉིས་ཕན་ཚུན་ཞིབ་བསྡུར་བྱས་པའི་རྩོམ་ཡིག་ཞིག་སྤེལ་བའི་རྗེས། རྒྱ་ནག་གཞུང་གིས་ཁོང་ལ་འཇིགས་སྐུལ་དྲག་སྤྱོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་པ་མ་ཟད་། ཁོང་རྒྱ་ནག་ནང་དུ་གསར་འགྱུར་ལས་དོན་སྤེལ་རྒྱུར་མུ་མཐུད་གནས་སྡོད་ཆོག་པའི་ཐོངས་ཆན་Visaབཀའ་ཁྲོལ་འཕར་མ་མ་སྤྲད་པར་བརྟེན་ནས། ཁོང་གི་ད་ཡོད་ཀྱི་ཐོངས་ཆན་དུས་ཡུན་རྫོགས་པའི་རྗེས་རང་ཡུལ་དུ་ཕྱིར་ལོག་བྱ་དགོས་པ་བཟོས་ཡོད་པ་རེད།   
གསར་འགོད་པ་ཁོང་ནི་རྒྱ་ནག་ནང་ལོ་འགའ་ཤས་རིང་བསྡད་ནས་གསར་འགོད་པའི་ལས་ཀ་བྱས་ཡོད་ཅིང་། ཉེ་བའི་ལོ་འགའ་ཤས་དེའི་ནང་ཤིང་ཅང་གི་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་དྲག་པོའི་རྒོལ་རྡུང་གི་དོན་རྐྱེན་ནང་ཁྱོན་མི་གྲངས་བརྒྱ་གྲངས་འཆི་རྐྱེན་བྱུང་ཡོད་པ་དང་། ཁོང་གི་རྩོམ་ཡིག་ནང་ཤིན་ཅང་གི་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་ལ་དྲག་པོའི་རྒོལ་རྡུང་གཏོང་བའི་དོན་རྐྱེན་དེ་ནི་རྒྱ་ནག་གཞུང་གི་ཡུ་གུར་མི་རིགས་ཐོག་འཛིན་པའི་སྲིད་ཇུས་ལ་འཁོན་འཛིན་གྱིས་བྱུང་བ་ཞིག་ཡིན་ལུགས་བྲིས་ཡོད་པ་ལྟར་། ཁོང་དེ་རིང་ཕྱི་དྲོའི་གནམ་གྲུར་Franceལ་ཐོན་ཁར་ཧྥ་རན་སི་གསར་འགྱུར་ལས་ཁང་གི་བཅར་འདྲི་དང་ལེན་གནང་སྐབས་། གནས་ཚུལ་ཚང་མ་དེ་མ་ཐག་ཏུ་བྱུང་བ་དང་ཡ་མཚན་ཆེན་པོ་བྱུང་སོང་། ངོས་ནས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་རྩ་བ་ནས་བྲིས་མེད་ལ་ངའི་རྩོམ་ཡིག་ནང་འཇིགས་སྐུལ་དྲག་སྤྱོད་པར་རྒྱབ་སྐྱོར་རྩ་བ་ནས་བྱས་མེད་ཞེས་འགྲེལ་བརྗོད་བྱས་ཡོད་ལ་ཁོང་ལ་འཛིན་པའི་རྒྱ་ནག་གི་བྱ་སྤྱོད་དེ་ནི་རྒྱ་ནག་ནང་དུ་ཡོད་པའི་ཕྱི་རྒྱལ་གསར་འགོད་པ་ཚོར་ཉེན་བརྡ་ཞིག་དང་། དེའི་ནང་ནས་གྲངས་ཉུང་མི་རིགས་ཀྱི་གནད་དོན་ལ་བློ་འཚབ་བྱེད་པར་མཚོན་པའི་ཁར་དེའི་ནང་ནས་དམིགས་བསལ་བོད་དང་ཤིང་ཅང་གི་གནད་དོན་ཐོག་ལ་བློ་འཚབ་བྱེད་པར་མཚོན་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ་གཡུ་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།