ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ནང་པའི་སྐུ་ཚབ་རྣམ་པས་ཆོས་ཚོགས་ཐེངས་༡༤པའི་ཐོག་བཞག་པའི་གྲོས་ཆོད་ལ་རྒྱབ་སྐྱོར།
2019.12.04
ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་ནང་པའི་ཚོགས་ཆེན་ཐེངས་༡༤པ་ཚོགས་པའི་ཞོར་ལ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ནང་པའི་སྐུ་ཚབ་རྣམས་ལྷན་འཛོམས་གནང་ནས་ཚོགས་ཆེན་ཐོག་ནས་བཞག་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐེ་བའི་གྲོས་མཐུན་དོན་ཚན་གསུམ་ལ་རྒྱབ་སྐྱོར་ཆ་ཚང་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།
བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་ཇོ་ནང་། ཞི་བྱེད་དང་བུ་ལུགས། བོ་དོང་དང་བཅས་ཀྱིས་འབྱུང་འགྱུར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངེས་པར་དུ་འབྱོན་དགོས་པ་དང་། ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་སྐུ་དབང་ཡོངས་རྫོགས་༧གོང་ས་མཆོག་སྐུ་རང་ཉིད་ལ་ཡོད་པ་དང་། བོད་ལུགས་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་བཞིན་ཡང་སྲིད་ངོས་འཛིན་གནང་དགོས་པ་བཅས་གྲོས་ཆོད་དོན་ཚན་གསུམ་བཞག་ཡོད་པར། རྒྱ་གར་དང་བལ་ཡུལ་མངའ་ཁོངས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སྟོད་ལ་དྭགས་ནས་སྨད་མོན་བར་གྱི་ནང་པའི་རྗེས་འཇུག་པ་ཚོས། མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་ཁོང་ཚོའི་སྐུ་ཚབ་རྣམ་པས་གསལ་བཤད་གནང་ཡོད་པ་རེད།།