རྒྱ་ནག་ཏུ་སྐྱོབས་གསོ་ལེན་མཁན་དབུལ་ཕོངས་གྲངས་འཕར་བ།

རྒྱ་ནག་གཞུང་གིས་དབུལ་ཕོངས་སྐྱོབས་གསོའི་ཐོབ་ཐང་མང་དུ་བཏང་བའི་རྗེས་དཔལ་འབྱོར་གྱི་སྐྱོབས་གསོ་ལེན་མཁན་ལྡབས་གསུམ་གྱིས་མང་བ།
2008-12-23
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༩ནང་དུ་དབུལ་ཕོངས་སྐྱོབས་གསོའི་ཐོབ་ཐང་མང་དུ་བཏང་བའི་རྗེས་དཔལ་འབྱོར་གྱི་སྐྱོབས་གསོ་ལེན་མཁན་གྱི་རྒྱ་མི་དབུལ་ཕོངས་གི་གྲངས་འབོར་སྔར་ལས་ལྡབས་གསུམ་གྱིས་མང་དུ་འགྲོ་རྒྱུ་ཡིན་པ་རེད།

ད་ལྟའི་འཆར་རྒྱ་ནག་ནང་མི་དམངས་ས་ཡ་བཅོ་ལྔ་ཙམ་ཞིག་ལོ་རེར་རྒྱ་མིའི་སྒོར་མོ་༧༨༥ཡོང་འབབ་ལ་བརྟེན་ནས་འཚོ་བ་བསྐྱལ་ཏེ་སྐྱོབས་གསོ་ལེན་མཁན་གྱི་དབུལ་ཕོངས་ཀྱི་ཁུངས་སུ་ཡོད་ཅིང་ཡིན་ནའང་རྒྱ་ནག་གཞུང་གིས་ཕྱི་ལོ་གསར་པ་ནས་བཟུང་ཐེམ་དུད་རེ་རེར་རྒྱ་མིའི་སྒོར་མོ་ཆིག་སྟོང་བརྒྱ་ཡོང་འབབ་ཡོད་མཁན་རྣམས་དབུལ་པོའི་ཁུངས་སུ་བཅུག་གི་ཡོད་པ་བརྟེན་ནས་དབུལ་པོའི་གྲངས་འབོར་མང་དུ་འགྲོ་རྒྱུ་ཡིན་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད། རྒྱ་ནག་ནང་དབུལ་པོའི་ཚད་གཞི་ནི་ཁྱིམ་ཚང་གི་ལོ་རེའི་དཔལ་འབྱོར་གྱི་ཡོང་འབབ་ལ་བརྟེན་པ་ཡིན་ཞིང་ཕྱི་ལོ་གསར་པ་ནས་དབུལ་པོའི་གྲངས་འབོར་མང་དུ་འགྲོ་རྒྱུ་ཟེར་བ་ནི་གཞུང་གི་སྐྱོབས་གསོའི་ཐོབ་ཐང་ལེན་མཁན་གྱི་གྲངས་འབོར་མང་དུ་འགྲོ་རྒྱུ་ཡིན་པ་དེ་ཡིས་དབུལ་པོའི་གྲངས་འབོར་དུ་ངོས་འཛིན་བྱེད་པ་དང་རྒྱ་ནག་དབུས་གཞུང་གིས་དབུལ་པོའི་སྐྱོབས་གསོའི་རོགས་རམ་གྱི་ལས་དོན་འཆར་གཞིར་རྒྱ་མིའི་སྒོར་མོ་ཐེར་འབུམ་བཅུ་བདུན་ཙམ་གྱི་སྔོན་རྩིས་འཆར་གཞི་ཡོད་པའི་ནང་ནས་འདི་ལོ་རོགས་དངུལ་ཐེར་འབུམ་གཉིས་དང་ཚགས་གསུམ་སྤྲད་ཡོད་པ་དེ་ནི་ན་ནིང་ལོ་ལས་མང་དུ་སྤྲད་ཡོད་པ་རེད། ད་དུང་ལོ་གསར་པའི་ནང་དབུལ་པོ་སྐྱོབས་གསོ་ལེན་མཁན་གྱི་གྲངས་འབོར་མང་དུ་འགྲོ་རྒྱུ་མ་ཟད་དབུལ་པོའི་གྲངས་འབོར་འཕེལ་རྒྱས་འགྲོ་བ་གཅིག་པུ་མ་ཡིན་པར་གཞུང་གི་སྐྱོབས་གསོ་ཁོ་ནར་བརྟེན་ནས་འཚོ་བ་བསྐྱལ་མཁན་མང་དུ་འགྲོ་རྒྱུ་ཡིན་ཞིང་ལྷག་པར་དུ་རྒྱ་ནག་གི་གྲོང་གསེབ་ཁག་ནས་གྲོང་ཁྱེར་དུ་འཕྲལ་སེལ་ལས་ཀར་ཡོང་བ་རྣམས་དེང་སྐབས་དཔལ་འབྱོར་ཉམ་རྒུད་དུ་ཕྱིན་པར་བརྟེན་ནས་གྲོང་ཁྱེར་ནང་ལས་ཀ་མ་རགས་པ་རྣམས་རང་བཞིན་གྱིས་སོ་སོའི་གྲོང་གསེབ་ས་ཁུལ་དུ་ཕྱིར་ལོག་མི་བྱེད་ཀ་མེད་དུ་གྱུར་ཏེ་དེའི་ཐོག་ནས་དབུལ་པོའི་གྲངས་འབོར་མང་དུ་འགྲོ་རྒྱུ་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།