སྲིད་སྐྱོང་མཆོག་ཨ་མི་རི་ཀའི་རྒྱལ་སར་མཛད་འཆར་ཁག་ཅིག་ཆེད་ཕེབས་འདུག

2019-09-09
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་མཆོག་ཨ་རིའི་མི་ནི་སོ་ཊར་ཕེབས་འབྱོར་སྐབས། ༢༠༡༩།༩།༨
སྲིད་སྐྱོང་མཆོག་ཨ་རིའི་མི་ནི་སོ་ཊར་ཕེབས་འབྱོར་སྐབས། ༢༠༡༩།༩།༨
TAFM/FB

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཨ་མི་རི་ཀའི་རྒྱལ་སར་མཛད་འཆར་ཁག་ཅིག་ཆེད་ཕེབས་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་འདི་ཚེས་༩་ཉིན་ཨ མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕེབས་འབྱོར་གྱིས། ཉིན་གྲངས་བཞི་ཙམ་རིང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིས་གཙོས་གནད་ཡོད་དཔོན་རིགས་ཁག་གཅིག་དང་མཇལ་འཕྲད་དང་། སྤྲུལ་སྐུའི་ཡང་སྲིད་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུ། དེ་བཞིན་ས་གནས་བོད་མི་ཚོ་དང་མཇལ་འཕྲད་གཏམ་བཤད་གནང་རྒྱུ་བཅས་ཀྱི་མཛད་འཆར་ཁག་ཅིག་ཡོད་པ་རེད།
འདི་ཚེས་༨་ཉིན། ཨ་རིའི་མི་ནི་སོ་ཊའི་བོད་རིགས་སྤྱི་མཐུན་ཚོགས་པས་དགོང་དྲོའི་གསོལ་ཚིགས་བཤམས་པའི་ཐོག མང་ཚོགས་ལ་གཏམ་བཤད་གནང་སྐབས། འཛམ་གླིང་ནང་སྐྱབས་བཅོལ་བ་མང་པོ་ཞིག་ཡོད་པ་དང་། དེ་དག་གི་གནས་སྟངས་དང་བོད་མི་སྐྱབས་བཅོལ་བའི་གནས་སྟངས་བསྡུར་བ་ཡིན་ན་ང་ཚོའི་གནས་སྟངས་ཞེ་དྲག་བཟང་བ་ཡོད་པའི་སྐོར་གསུངས་འདུག ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེའི་ཐོག་ནས་ཨ་རིས་གཙོས་ཕྱིའི་རྒྱལ་ཁབ་ཁག་གིས་བོད་པའི་གནད་དོན་ཐོག་ཐུགས་ཁུར་དང་རྒྱབ་སྐྱོར་གནང་གི་ཡོད་པའི་སྐོར་སོགས་གསུངས་འདུག
ད་དུང་སྲིད་སྐྱོང་མཆོག་གིས་ཁོང་ནས་བོད་དོན་བདེན་མཐའ་སེལ་ཐབས་སུ་དམིགས་ནས་ཕྱིའི་ཡུལ་གྲུ་ཁག་ལ་བསྐོར་སྐྱོད་དང་ཞུ་གཏུག་གནང་བཞིན་པའི་གནས་སྟངས་སྐོར་ཡང་ངོ་སྤྲོད་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།