ཨ་རིའི་སྲིད་འཛིན་གསར་པས་རྒྱ་ནག་གི་མཉེན་ཆས་ཊིག་ཊོག་ (TikTok) ཨ་རིའི་ནང་བཀག་སྡོམ་གྱི་དུས་ཡུན་ཕར་འགྱངས་གནང་འདུག

2025.01.21
ཨ་རིའི་སྲིད་འཛིན་གསར་པས་རྒྱ་ནག་གི་མཉེན་ཆས་ཊིག་ཊོག་ (TikTok) ཨ་རིའི་ནང་བཀག་སྡོམ་གྱི་དུས་ཡུན་ཕར་འགྱངས་གནང་འདུག ཨ་རིའི་སྲིད་འཛིན་གསར་པ་ཌོ་ནལཌི་ཊམཔ་(Donald Trump)མཆོག་གིས་འཛིན་གྱི་དམིགས་བསལ་སྐུ་དབང་བེད་སྤྱད་ནས་བཀའ་རྒྱ་ཁག་ཅིག་ལ་མིང་རྟགས་བཀོད་སྐབས། ༢༠༢༥ ཟླ་ ༡ ཚེས་ ༢༠
AP

ཨ་རིའི་གཞུང་གིས་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཚབས་ཆེན་པོ་ཡོད་པའི་རྐྱེན་གྱིས་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་མཉེན་ཆས་ཊིག་ཊོག་ (TikTok) གི་བདག་དབང་ཨ་རིའི་ཚོང་ལས་ཁང་ཤིག་ལ་བཙོང་རྒྱུའམ། ཡང་ན་ཨ་རིའི་ནང་བཀག་སྡོམ་བྱ་རྒྱུའི་ཐག་གཅོད་གནང་བ་དེ་ཕྱི་ཟླ་ ༡ ཚེས་ ༡༩ ཉིན་དུས་བཀག་ཟིན་ཡོད་པ་ལྟར། ཊིག་ཊོག་ (TikTok) མཉེན་ཆས་ཨ་རིའི་ནང་བེད་སྤྱོད་བྱེད་མི་ཐུབ་པར་གྱུར་ཡོད་ཀྱང་། ཆུ་ཚོད་ཁ་ཤས་ཀྱི་རྗེས་ནས་བེད་སྤྱོད་སླར་གསོ་བྱུང་ཡོད་པ་རེད།

Trump Inauguration and tiktok (1).jpg
(TikTok)་མཉེན་ཆས་ཨ་རིའི་ནང་བེད་སྤྱོད་བྱེད་མི་ཐུབ་པར་གྱུར་སྐབས། ༢༠༢༥།༠༡།༡༩ པར། AFP


ཕྱི་ཟླ་ ༡ ཚེས་ ༢༠ ཉིན་ཨ་རིའི་སྲིད་འཛིན་གསར་པ་ཌོ་ནལཌི་ཊམཔ་(Donald Trump)མཆོག་གིས་སྲིད་འཛིན་གྱི་ལས་ཁུར་དམ་འབུལ་བཞེས་རྗེས་སྲིད་འཛིན་གྱི་དམིགས་བསལ་སྐུ་དབང་བེད་སྤྱད་ནས་བཀའ་རྒྱ་ཁག་ཅིག་ལ་མིང་རྟགས་བཀོད་པའི་གྲས་སུ། (TikTok)་ཨ་རིའི་ནང་བེད་སྤྱོད་བཀག་སྡོམ་གྱི་དུས་ཚོད་ཉིན་གྲངས་༧༥ ཡི་རིང་ཕར་འགྱངས་གནང་ཡོད་པ་དང་། ཁོང་གིས་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་མཉེན་ཆས་དེའི་བདག་དབང་གི་ཕྱེད་ཙམ་ཨ་རི་ལ་བདག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་དང་། དེ་ལྟར་གྲོས་མཐུན་བྱུང་ན་ཨ་རིའི་ནང་བཀག་སྡོམ་བྱེད་རྒྱུ་མིན་ཚུལ་གསུངས་ཡོད་པ་རེད།
ཨ་རིའི་ནང་(TikTok)་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་༡༧༠ ལྷག་དང་། ཚོང་ལས་ཁང་ཆུང་གྲས་ས་ཡ་༧ ལྷག་གིས་དྲྭ་ལམ་ཚོང་གཉེར་བྱེད་བཞིན་ཡོད་པ་རེད།
ཨ་རི་གཞུང་གིས་(Tiktok)་བཀག་སྡོམ་བྱེད་དོན་ནི། རྒྱ་ནག་གཞུང་གིས་མཉེན་ཆས་དེ་བེད་སྤྱོད་བྱེད་མཁན་ཨ་རིའི་མི་དམངས་སྒེར་དང་སྒྲིག་འཛུགས་ལ་གསང་མྱུལ་དང་གནས་ཚུལ་རྐུ་འཁྱེར་བྱས་ནས་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།474465902_1009706794519476_5394955451045717223_n.jpg
ཕྱི་ཚེས་༡༧་གཟའ་པ་སངས་ཉིན་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་མང་མོས་ཀྱི་ཐོག་ནས་གཟའ་ཉི་མ་བར་དུ་པེ་ཅིན་ཏུ་རྟེན་གཞི་བྱས་པའི་(ByteDance)་ཞེས་པའི་ཚོང་ལས་ཁང་གིས་སྤྱི་ཚོགས་དྲྭ་རྒྱའི་མཉེན་ཆས་(TikTok)ཊིག་ཊོག་མ་བཙོང་ན་ཨ་རིའི་ནང་བཀག་སྡོམ་བྱེད་རྒྱུའི་ཁྲིམས་དེ་ཁྲིམས་མཐུན་ཡིན་པ་གཏན་འབེབས་བྱས་བ་དང་། སྐབས་དེའི་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden) གྱིས་མཉེན་ཆས་དེ་བཀག་སྡོམ་བྱེད་རྒྱུ་ཕྱི་ཚེས་༡༩ཉིན་དེ་བཞིན་ཁོང་གི་སྲིད་འཛིན་གྱི་ལས་ཡུན་ཉིན་མཐའ་མ་ཡིན་པ་དང་། སྲིད་འཛིན་གསར་པ་སླེབས་ཀྱི་ཡོད་སྟབས་ཁོང་གི་ངོས་ནས་ལག་བསྟར་བྱེད་རྒྱུ་མིན་ཅེས་གསུངས་ཡོད་པ་རེད།
རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་མཉེན་ཆས་(TikToK)་ནི་རྒྱ་ནག་དང་བོད་ནང་དར་ཁྱབ་ཆེ་བའི་སྤྱི་ཚོགས་དྲ་རྒྱའི་མཉེན་ཆས་འཁྱུག་དབྱངས་ཏེ་རྒྱ་སྐད་ཏུ་(抖音 )་ཞེས་འབོད་པ་དེ་ཕྱིའི་རྒྱལ་ཁབ་ཏུ་བདེ་སྤྱོད་ཆེད་བཟོས་པའི་མཉེན་ཆས་ཞིག་ཡིན་པ་དང་། མཉེན་ཆས་དེའི་བདག་པོ་(ByteDance)་གཙོས་རྒྱ་ནག་ནང་ཡོད་པའི་དྲ་རྒྱའི་ཚོང་ལས་ཁང་དག་གིས་རྒྱ་ནག་གཞུང་ལ་མཉེན་ཆས་བེད་སྤྱོད་བྱེད་མཁན་གྱི་གནས་ཚུལ་སོགས་ལ་ལྟ་ཀློག་བྱེད་རྒྱུའི་ཐོབ་ཐང་སྤྲོད་དགོས་ཀྱི་ཡོད་པ་དེ་ནི་(TikTok)་དང་། ཨ་རིའི་ནང་གི་སྤྱི་ཚོགས་དྲྭ་རྒྱའི་གཉེན་ཆས་གཞན་བར་གྱི་ཁྱད་པར་གཙོ་བོ་དེ་ཆགས་ཡོད་པ་རེད།


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎