རོང་བོ་དགོན་་དང་སྐུ་འབུམ་དགོན་པར་དམ་བསྒྲགས།
2013.02.24
![](https://www.rfa.org/tibetan/chediklaytsen/amdolaytsen/amdo-stringer/china-deployed-armed-forces-at-rongpo-and-kumbum-monasteries-02242013104121.html/chinese-army-crackdown-in-rongpo-and-kumbum-monasteries-slide.gif/@@images/image)
ཀུན་བཟང་བསྟན་འཛིན།
༄༅༎བོད་མདོ་སྨད་ས་ཁུལ་སྐུ་འབུམ་དང་རེབ་གོང་ཁུལ་དུ་བོད་མི་རྣམས་ནས་ས་གནས་ཀྱི་དགོན་པ་ཁག་གི་མདུན་དུ་ཧོར་ཟླའི་ཕྱི་ཚེས་༡༥་སྟེ་ཕྱི་ཟླ་༢ཚེས་༢༤རེས་གཟའ་ཉིན་མིའི་ཉིན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཐོག་འདུ་འཛོམས་གནང་བའི་སྐབས་རྒྱ་གཞུང་གིས་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་བྱས་ནས་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་རེད་འདུག ལྷག་དོན་དུ་མདོ་སྨད་སྐུ་འབུམ་དགོན་པ་དང་རེབ་གོང་དུ་ཡོད་པའི་རོང་བོ་དགོན་པའི་མདུན་དུ་དམག་མི་བརྒྱ་ཕྲག་མང་པོ་འགྲེམས་འཇོག་གིས་བོད་མི་ཆོས་དད་པ་རྣམས་མཐའ་བསྐོར་ནས་དམ་བསྒྲགས་བྱེད་བཞིན་པའི་སྐོར་ས་གནས་ནས་བོད་མི་ཁག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་གནས་ཚུལ་བཏང་འབྱོར་བྱུང་བའི་སྒྲག་དང་འདྲ་པར་ཁག་ཅིག་འདིར་སྤེལ་ཡོད༎