བལ་ཡུལ་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ།

བལ་ཡུལ་དུ་བོད་མི་དང་བླངས་བ་ཚོས་བོད་ནང་ཚེ་སྲོག་ཤོར་བའི་བོད་མི་རྣམས་ལ་གུས་བཏུད་མཚོན་ཆེད་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ།

གསར་འགྱུར་གསན་རོགས་གནོངས།

༄༅༎བལ་ཡུལ་བོད་མི་དང་བླངས་བའི་གོ་སྒྲིག་འོག་ཕྱི་ཟླ་ལྔ་པའི་ཚེས་བཅུ་བཞིའི་ཉིན་སེར་སྐྱ་བོད་མི་སྟོང་ལ་ཉེ་བའི་འདུ་འཛོམས་ཐོག་ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན་གྱི་དོན་རྐྱེན་འོག་་ཚེ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ལ་གུས་བཏུད་དང་འཛིན་བཟུང་བཙོན་འཇུག་དང་མནར་གཅོད་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར་ཞིག་གནང་ཡོད་པའི་སྐོར་འདི་གའི་གསར་འགོད་པ་སྒྲོལ་མས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་༎

 

 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org