བཀའ་ཟུར་ཚེ་དབང་རྡོ་རྗེ་མཆོག་ལ་མྱ་ངན་དང་གུས་འདུད།
གཞོན་ནུ་ལྷན་ཚགས་ནས་སྐུ་གཤེགས་བཀའ་ཟུར་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་ལ་མྱ་ངན་དང་གུས་འདུད་ཀྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ།
-
2011-10-07 -
-
-
Your browser doesn’t support HTML5 audio
| གསར་འགྱུར་ལ་གསན་རོགས། |
༄༅༎༸གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་རྒྱ་གར་ལ་སྐྱབས་བཅོལ་དུ་ཆིབས་བསྒྱུར་མ་གནང་གོང་གི་བཀའ་བློན་མཐའ་མ་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་གཤེགས་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༥ ཉིན། བཞུགས་སྒར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བདུན་ཚིགས་གསུམ་པ་དང་བསྟུན་དམ་པ་དེ་ཉིད་ལ་མྱ་ངན་གུས་འདུད་དང་སྐུ་ཚེའི་ལོ་རྒྱུས་ཀྱི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་སྐོར། འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པ་ཞིག་ལ་གསན་རོགས་ཞུ༎