རྒྱ་ནག་གིས་ཨལ་ཇ་ཛི་རའི་གསར་འགོད་པ་ཕྱིར་འབུད་བཏང༌།
2012.05.17
༄༅༎ཐེངས་འདིའི་ཨ་མེ་རི་ཀའི་ཕྱི་སྲིད་བལྟ་ཞིབ་ཅེས་པའི་ལེ་ཚན་གྱི་ནང་དུ་རྒྱ་ནག་གི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ་ལོངས་བ་ཁྲེན་ཀུང་ཁྲེང་གྱི་དོན་རྐྱེན་གྱིས་ཨ་མེ་རི་ཀ་དང་རྒྱ་ནག་གི་འབྲེལ་ལམ་ལ་འགལ་རྐྱེན་ཇི་ཙམ་ཡོད་མེད་དང༌།རྒྱ་ནག་གིས་ཨལ་ཇ་ཛི་ར་བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་མེ་ལི་ས་ཅན་ཕྱིར་འབུད་བཏང་བྱས་པའི་དོན་རྐྱེན་དང་།ཡོ་རོབ་ནང་ཆབ་སྲིད་དང་དཔལ་འབྱོར་གྱི་འཁོར་འགྱུར་ཆེན་པོ་འགྲོ་བཞིན་པ་བཅས་ཀྱི་སྐོར་འདི་གའི་བློ་བསྡུར་ཞུ་ཡུལ་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་གླེང་མོལ་གནང་བར་གསན་རོགས༎









