འོད་ཟེར་ལགས་སུ་བྱ་དགའ་དངོས་སུ་ཕུལ་ཡོད་པ།
2013.05.23

༄༅༎ཐེངས་འདིའི་བུད་མེད་ཅེས་པའི་ལེ་ཚན་ནང་དུ། འདི་ལོའི་ཕྱི་ཟླ་གསུམ་པའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་བྱ་དགའ་ཞེས་པ་དེ། བོད་པའི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་སུ་ཟླ་འདིའི་ཚེས་༡༩ཉིན། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ལས་ཁངས་ནས་དངོས་སུ་ཕུལ་གནང་ཡོད་པའི་སྐོར། དབྱངས་སྒྲོལ་ལགས་ཀྱིས་ཚེ་རིང་འོད་ཟེར་ལགས་སུ་འབྲེལ་ཡོད་གནས་ཚུལ་གནས་འདྲི་ཞུས་པར་གསན་རོགས་ཞུ༎