གླིང་ཕྲན་ལྔའི་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད།
2012.08.22
འཇིགས་མེད་སྙན་གྲགས།
༄༅།།ཕྱི་ཟླ་༨ཚེས་༢༢རེས་གཟའ་ལྷག་པའི་ཉིན་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཚོགས་ཆུང་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་ལ་གཞིགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཕྱི་ལོ་ ༢༠༡༢ ཟླ ༧ ཚེས ༦ སྟེ་༸གོང་ས་མཆོག་གི་སྐུའི་འཁྲུངས་ལྷ་དབྱར་གསོལ་ཉིན་དངོས་སུ་འགོ་འཛུགས་ཞུས་ཏེ།འདི་ལོའི་དམངས་གཙོའི་དུས་ཆེན་ཉིན་ནས་བཟུང་འཛམ་གླིང་ནང་གི་གླིང་ཕྲན་ལྔའི་ནང་བདེན་པའི་མེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎