གཞས་པ་ཕུལ་བྱུང་འཛིན་བཟུང་།
2012.08.21
ཨ་མཆོག་ཕུལ་བྱུང༌།
༄༅༎ཕྱི་ཟླ་༨ཚེས་༢༠ཉིན་མདོ་སྨད་རྔ་བ་ཁུལ་དམར་ཐང་ངམ་ཁྱུང་ཆུ་རྫོང་ཨ་མཆོག་སྡེ་བ་ནས་ཡིན་པའི་གཞས་པ་གྲགས་ཅན་ཨ་མཆོག་ཕུལ་བྱུང་ལགས་ཀྱིས་ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་ལ་བསྟོད་གླུ་བླངས་རྗེས་འབར་ཁམས་གྱི་ཇ་ཁང་ཞིག་ནས་རྒྱ་ནག་གི་ཉེན་རྟོག་པས་གློ་བུར་འཛིན་བཟུང་བྱས་ཡོད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་ཏེ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎