0:00 / 0:00
༄༅༎ཕྱི་ཟླ་༦ཚེས་༡༨རེས་གཟའ་མིག་དམར་གྱི་ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་གནང་བའི་ India Habitat Center བསྟི་གནས་སུ་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་མཛད་པའི་དཔེ་དེབ་ཨིན་སྐད་དུ་ The Heart is Noble བོད་སྐད་ཐོག་རང་བཞིན་བཟང་པོའི་སེམས་ཞེས་འགོ་བརྗོད་དུ་འཁོད་པ་དེ་དབུ་འབྱེད་གནང་བ་དང༌།མཛད་སྒོའི་ཐོག་དཔལ་རྒྱལ་བ་ཀརྨ་པ་མཆོག་ནས་དཔེ་དེབ་འཇགས་རྩོམ་གནང་དགོས་པའི་རྒྱུ་མཚན་ཇི་ཡིན་སོགས་ངོ་སྤྲོད་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎