རྒྱ་ནག་དང་བཙན་བྱོལ་བོད་པའི་ཁྲིམས་ལུཌ།
2013.04.09
༄༅༎ཐེངས་འདིའི་ཤེས་བྱའི་ལྡུམ་ར་ཞེས་པའི་ལེ་ཚན་ནང་དུ། བཙན་བྱོལ་བོད་མིའི་ས་གནས་ཁྲིམས་ཞིབ་པས་ཉེ་ཆར་ཀ་སྦུག་དང༌། རྡོར་གླིང་སོགས་གཞིས་ཆགས་ཁག་གཅིག་ནང་བཙན་བྱོལ་བོད་པའི་ཁྲིམས་ལུགས་ཀྱི་རྒྱུན་ཤེས་སྐོར་གཏམ་བཤད་གནང་བའི་སྐོར་དང༌། དེ་བཞིན་བོད་ནང་སྲིད་ཁྲིམས་སློབ་གྲྭའི་དགེ་རྒན་གནང་མྱོང་བ་མ་ཟད། བཙན་བྱོལ་བོད་མིའི་ཁྲིམས་རྩོད་པ་ཡང་གནང་མྱོང་མཁན་བླ་མ་སྐྱབས་ལགས་སུ་རྒྱ་ནག་གི་ཁྲིམས་ལུགས་དང་བཙན་བྱོལ་བོད་པའི་ཁྲིམས་ལུགས་གཉིས་ཀྱི་ཁྱད་པར་ཇི་ཡོད་སྐོར། ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བཅར་འདྲི་ཞུས་པར་གསན་རོགས་ཞུ༎