0:00 / 0:00
༄༅། །བཙན་བྱོལ་གྱི་མི་ཚེའི་ལེ་ཚན་ནང་། ཕྱི་ལོ་༡༩༢༥ལོར་ཀོང་པོ་གདོང་སྣ་ཟེར་བར་འཁྲུངས་པ་སྐུ་ཞབས་བློ་བཟང་མཁས་བཙུན་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་དོན་དུ་སེ་འབྲས་དགའ་གསུམ་ནས་གྲྭ་པ་༥༠་ རེ་དྭང་བླངས་འདོན་དགོས་ཞེས་གདན་ས་ཆེན་པོ་གསུམ་གྱི་བླ་སྤྱི་རྣམ་པ་ཚོས་བཀའ་རྒྱ་བསྩལ་བར་བློ་བཟང་མཁས་བཙུན་ལགས་ཀྱིས་དྭང་བླངས་འདོན་པ་སོགས་ཀྱི་མྱོང་འཚོར་སྐོར་འབེན་པ་སྟོབས་རྒྱལ་ཀྱིས་ངོ་སྤྲོད་ཞུས་པར་གསན་རོགས༎
