དད་འདུན་ཡོད་མཁན་ཚོས་སྨོན་ལམ་རྒྱབ་ན་དབང་འཐོབ་རྒྱུ་རེད།


2017.01.11
༧གོང་ས་མཆོག་གིས་རྒྱ་གར་རྡོ་རྗེ་གདན་དུ་དུས་དབང་ཐེངས་སོ་བཞི་བ་གནང་བཞིན་པ། ༢༠༡༧།༡།༡༡ ༧གོང་ས་མཆོག་གིས་རྒྱ་གར་རྡོ་རྗེ་གདན་དུ་དུས་དབང་ཐེངས་སོ་བཞི་བ་གནང་བཞིན་པ། ༢༠༡༧།༡།༡༡
OHHDL

བོད་དང་རྒྱ་ནག་སོཊ་ཀྱི་དད་འདུན་ཆེན་པོ་ཡོད་མཁན་ཚོ་༧གོང་ས་མཆོག་གིས་དབང་གི་དམིགས་འོག་ཏུ་འཇུག་གནང་རྒྱུ་ཡིན་པ་གསུངས་འདུག
འདི་ཚེས་༡༡་ཉིན་གནས་མཆོག་རྡོ་རྗེ་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་དངོས་གཞི་ཉིན་དང་པོའི་སྐབས། བོད་དང་རྒྱ་ནག་སོགས་ནས་འདུན་པ་ཆེན་པོ་ཡོད་ཀྱང་། དབང་ཞུ་བར་བཅར་མ་ཐུབ་པ་ཚོས་རང་རང་སོ་སོའི་ས་གནས་ནས་འདུན་པ་ཤུགས་དྲག་ཞིག་སྐྱེ་སྟེ་གསོལ་བ་དྲག་ཏུ་བཏབ་ཚེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོས་ནས་དད་ལྡན་པ་དེ་དག་དབང་གི་དམིགས་འོག་ཏུ་འཇུག་གནང་མཛད་བཞིན་ཡོད་སྟབས། དབང་གྲལ་དུ་མེད་ཀྱང་དབང་འཐོབ་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཟླ་༡༡་པའི་ཚེས་༡༡་དང་༡༢། ༡༣། ༡༤། ༡༥ བཅས་པར་འདུན་ཤུགས་དྲག་པོས་གསོལ་བ་འདེབས་དགོས་པ་དང་། དེ་ཡང་གཙོ་བོ་སང་ཉིན་བོད་ཚེས་༡༥་ཉིན་དམིགས་བསལ་བློ་སྒྲིམ་དགོས་པ་བཀའ་གནང་ཡོད་པ་རེད།
ཚེས་༡༡་ཉིན་དུས་འཁོར་དབང་ཆེན་གྱི་སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་ཁག་སྩལ་གནང་མཛད་ཅིང་། དེའི་ནང་རྨི་ལམ་བཏགས་པ་དང་། སོ་ཤིང་དོར་སྟེ་འཁྱོར་ཆུ་སྦྱིན་པ། རིགས་དང་མོས་པ་དྲི་བ། བྱང་ཆུབ་ཀྱི་སེམས་དང་སྔགས་ཀྱི་སྡོམ་པ་བཟུང་བ། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པ་སོགས་གནང་ཡོད་ཅིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབང་ཞུ་བའི་དོན་ངོ་མ་ནི། གང་ཟག་སོ་སོའི་བརྒྱུད་ལ་སྐུ་བཞི་གྲུབ་བྱེད་ཀྱི་རྒྱུ་རང་ཆས་སུ་ཡོད་པའི་མ་དག་པའི་སྐུ་དེ་དག་དང་པ་སངས་རྒྱས་ཀྱི་སྐུ་བཞིར་འགྱུར་རྒྱུར་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཀྱི་ལམ་ཉམས་ལེན་བྱེད་པར་དབང་ཆེད་ཡིན་པ་རེད་ཅེས་དང་། དེའི་ཆེད་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་གོ་བ་བཅོས་མ་ཚུན་ཆེད་ཡོད་དགོས་པ་བཀའ་གནང་ཡོད་པ་རེད།
གཞན་ཡང་དབང་གི་སྔོན་འགྲོའི་ཆོས་བཤད་སྐབས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསང་སྔགས་ཀྱི་ཉམས་ལེན་ལ་བརྟེན་ནས་ཉམས་རྟོགས་ངོ་མ་རྫོགས་རིམ་གྱི་སྐབས་བྱུང་བ་ཡིན་པ་དང་། དེ་ཡང་གཉུག་མར་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་སེམས་དེ་ཉིད་སྟོང་ཉིད་རྟོགས་པའི་ངོ་བོའི་ཐོག་ནས་ཟབ་ཁྱད་འགྲུབ་རྒྱུ་ཡིན་པ་བཀའ་གནང་ཞིང་། ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་ཉམས་ལེན་པ་མང་པོ་ཞིག་དགོངས་པ་རྫོགས་པའི་སྐབས་ཐུགས་དམ་དུ་བཞུགས་པའི་གནས་ཚུལ་མང་དག་ཞིག་ཡོང་བཞིན་པ་འཆི་བ་འོད་གསལ་ཤིན་ཏུ་ཕྲ་བའི་སེམས་དེའི་ཐོག་སྟོང་ཉིད་ལ་མཉམ་པར་བཞག་སྟེ། ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་གཅིག་གི་གནས་ཏེ་ཕུང་པོ་རྙིང་པ་མ་ཞིག་པར་གནས་ཚུལ་སོགས་བཀའ་གནང་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདིར་འཆི་བ་འོད་གསལ་ཞེས་འཆི་བཞིན་པའི་གནས་སྐབས་ཞིག་ཏུ་གསུངས་པ་ལས་ཤི་བ་འོད་གསལ་ཅེས་འབོད་ཀྱི་མེད་པ་བཀའ་གནང་ཡོད་པ་རེད།
ཕྱི་ཚེས་༡༢་སྟེ་བོད་ཟླ་༡༡་ཚེས་༡༥་ཟླ་བ་ཉྭ་གང་བའི་ཉིན་དཔལ་དུས་ཀྱི་འཁོར་ལོའི་བྱིས་པ་ལ་འཇུག་པའི་དབང་བདུན་དང་། གོང་མ་གོང་ཆེན་གྱི་དབང་ག་ཚོད་གྲུབ་གྲུབ་ཞིག་སྩོལ་གནང་མཛད་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།
རྣམ་ཀུན་ལྟར་ན་དུས་འཁོར་གྱི་དབང་ཡོངས་སུ་གྲུབ་རྗེས་མང་ཚོགས་ལ་དཀྱིལ་འཁོར་གྱི་མཇལ་ཁ་གཏོང་སྲོལ་ཡོད་ན་ཡང་། ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཞུ་བ་འབུམ་བརྒལ་བར་བརྡབ་ཟིང་མི་ཡོང་ཆེད་ཕྱི་ཚེས་༡༡་ནས་དཀྱིལ་འཁོར་གྱི་མཇལ་ཁ་གཏོང་གནང་དགོས་པ་བཀའ་ཕེབས་ཡོད་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་མི་ ༡༢༦ རྐྱེན་འདས་དང་རྨས་སྐྱོན་ཕོག་པའི་གྲངས་འབོར་ ༡༨༨ ནས་ཚེས་ ༡༠ ཉིན་ ༣༣༧ ལ་ཕར་པ་དང་།  ཕྱི་ཚེས་ ༡༤ བར་འགུལ་ལྷག་ཐེངས་ ༣༦༡༤ ཙམ་བྱུང་པ་བསྒྲགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎