༸གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན།

2014-01-30
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་མཆོག་དེ་སྔ་བཞུགས་སྒར་དུ་ཞབས་སོར་འཁོད་སྐབས་ཀྱི་སྐུ་པར།
༸གོང་ས་མཆོག་དེ་སྔ་བཞུགས་སྒར་དུ་ཞབས་སོར་འཁོད་སྐབས་ཀྱི་སྐུ་པར།
Photo: RFA

༄༅།    །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་གྷོ་ཧ་ཊི་དང་ཤི་ལོང་བཅས་སུ་མཛད་འཆར་དུ་མ་ཞིག་བསྐྱང་ཆེད་དེ་རིང་ཕྱི་ཚེས་༣༠ཉིན་བཞུགས་སྒར་དྷ་རམ་ས་ལ་ནས་ཆིབས་ཞལ་བསྒྱུར་གནང་འདུག མཛད་འཆར་སྔོན་སྒྲིག་ལྟར་ན།    ཕྱི་ཟླ་༢ཚེས་ ༡ ནས་ ༥ བར་ཉིན་གྲངས་ལྔ་རིང་ཨ་སམ་དང་། མེ་གྷ་ལ་ཡ་མངའ་སྡེའི་རྒྱལ་ས་ཤི་ལོང་གཉིས་ནང་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༢ ཚེས་ ༡ ཉིན་གྷོ་ཧ་ཊིའི་Rabindra Bhawan ཞེས་པའི་ཚོགས་ཁང་དུ་ཆོས་ལུགས་རིས་མེད་ཀྱི་ཚོགས་ཆེན་ཐོག་བཀའ་སློབ་བསྩལ་རྒྱུ་དང་། ཚེས་ ༢ ཉིན་གྱི་སྔ་དྲོ་ནེཧ་རུ་རྩེད་ཐང་དུ་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་ཡིན་པས་མ་ཟད། ཉིན་རྒྱབ་Srimanta Sankaradeva Kalakshetra་ཞེས་པའི་ཚོགས་ཁང་ནང་བོད་ཀྱི་སྒྱུ་རྩལ་དང་ལེགས་བྱང་དུས་སྟོན་ཞེས་པ་དེ་དབུ་འབྱེད་གནང་གི་ཡོད་པ་རེད།    ཕྱི་ཚེས་ ༣ ཉིན་༸གོང་ས་མཆོག་ནས་Martin luther Chirstian University ཞེས་པའི་ཡི་ཤུའི་མཐོ་སློབ་ཁང་དུ་བསླབ་པ་མཐར་སོན་གྱི་མཛད་སྒོར་ཆིབས་བསྒྱུར་གྱིས།  དགེ་རྒན་དང་སློབ་ཕྲུག་རྣམས་ལ་བཀའ་སློབ་བསྩལ་རྒྱུ་དང་།   ཕྱི་ཚེས་ ༤ ཉིན་ཤི་ལོང་ས་གནས་ཀྱི་Polo Groundཞེས་པའི་ཐང་ཆེན་དུ་དད་ལྡན་ཆོས་ཞུ་བ་རྣམས་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་།    སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ།  ཕྱི་ཚེས་ ༥ ཉིན་ཤི་ལོང་མངའ་སྡེའི་དཔེ་མཛོད་ཁང་གིས་གདན་ཞུས་ལྟར་ཆོས་ལུགས་རིས་མེད་ཀྱི་མཛད་སྒོའི་ཐོག་ལྷན་བཞུགས་ཀྱིས་མཛད་འཕྲིན་ཁག་གྲུབ་མཚམས་ཕྱི་ཟླ་ ༢ ཚེས་ ༦ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་དྷ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུའི་མཛད་འཆར་ཡོད་པ་རེད།།
གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།