“བལ་བོད་ས་མཚམས་སུ་འདས་གྲོངས་ཕྱིན་པའི་ཐད་རྒྱ་ནག་གི་བྱ་སྤྱོད་ལ་ཐུགས་འཚབ་ཡོད།”

བལ་བོད་ས་མཚམས་སུ་མི་འདས་གྲོངས་ཕྱིན་པའི་ཐད་རྒྱ་ནག་གི་བྱ་སྤྱོད་ལ་རྒྱལ་སྤྱིའི་དོ་འཁུར་ནན་པོ་མ་བྱས་པའི་ཐད་ཐུགས་འཚབ་བྱུང་པ་སྤྱི་འཐུས་ཚོགས་གཙོས་གསུངས་སོང་།

བལ་བོད་ས་མཚམས་སུ་མི་འདས་གྲོངས་ཕྱིན་པའི་ཐད་རྒྱ་ནག་གི་བྱ་སྤྱོད་ལ་རྒྱལ་སྤྱིའི་དོ་འཁུར་ནན་པོ་མ་བྱས་པའི་ཐད་ཐུགས་འཚབ་བྱུང་པ་སྤྱི་འཐུས་ཚོགས་གཙོས་གསུངས་སོང་།

བལ་བོད་ས་མཚམས་སུ་མི་འདས་གྲོངས་ཕྱིན་པའི་ཐད་རྒྱ་ནག་གི་བྱ་སྤྱོད་ལ་རྒྱལ་སྤྱིའི་དོ་འཁུར་ནན་པོ་མ་བྱས་པའི་ཐད་ཐུགས་འཚབ་བྱུང་པ་སྤྱི་འཐུས་ཚོགས་གཙོས་གསུངས་སོང་།

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་བཞིན། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལག་བསྟར་འགོ་བཙུགས་པའི་རྗེས་དང་། བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ནིའུ་ཡོག་ཏུ་རང་ལུས་མེར་བསྲེགས་བཏང་པ་དང་། དེ་བཞིན་བལ་བོད་ས་མཚམས་སུ་འདམ་རུད་ཆུ་ལོག་གི་གོད་ཆག་ཚགས་ཆེ་བྱུང་བ་བཅས་ཀྱི་རྗེས་སུ་ཚོགས་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་བསྟུན། སྤྱི་འཐུས་ཁག་ཅིག་གིས་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་དེའི་ཐོག དམིགས་བཀར་གནད་དོན་དེ་དག་གི་ཐོག་གླེང་སློང་གནང་རྒྱུ་ཡིན་པ་གསུང་གི་འདུག

ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༦ ཉིན་བཞུགས་སྒར་རྡ་རམ་ས་ལར་སྐབས་ ༡༨ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པ་དབུ་འཛུགས་གནང་པའི་སྐབས་ཚོགས་གཙོས་གསུང་བཤད་གནང་སྐབས།
སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས། ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༦ ཉིན་བཞུགས་སྒར་རྡ་རམ་ས་ལར་སྐབས་ ༡༨ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པ་དབུ་འཛུགས་གནང་པའི་སྐབས་ཚོགས་གཙོས་གསུང་བཤད་གནང་སྐབས། (RFA Tibetan)

དེ་ཡང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱིས། ཉེ་ལམ་བྱུང་བའི་བལ་བོད་ས་མཚམས་ཀྱི་ཆུ་ལོག་གོད་ཆག་གི་རྒྱུ་རྐྱེན་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་གསལ་པོ་ཤེས་ཀྱི་ཡོད་ཀྱང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འཛེམས་གཟོན་དང་ངོ་ཚ་པོ་མི་ཡོང་བའི་ཆེད་དུ། ཚང་མས་ཐེར་འདོན་མི་བྱས་པ་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཚེ་སྲོག་ལ་རིན་ཐང་མི་བརྩི་པ་དེར་བློ་ཕམ་ཡོད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་སྤྱི་འཐུས་ཁག་ཅིག་གིས་བལ་བོད་ས་མཚམས་སུ་བྱུང་བའི་འདམ་རུད་ཆུ་ལོག་གི་གནད་དོན་དང་འབྲེལ་བཙན་བྱོལ་བོད་མི་རྣམས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱིས་འཕྱར་གྲུ་མཉམ་འདེགས་གནང་དགོས་པའི་གལ་གནད་གསལ་སྟོན་གནང་གི་འདུག

དེ་འབྲེལ་སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་ཀྱིས། ཆུ་ལོག་གི་གོད་ཆག་རྗེས་ཀྱི་བོད་ནང་གི་གནས་སྟངས་ལ་སེམས་ཚབས་གསལ་སྟོན་དང་སྦྲགས་ཁོང་གིས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་ནས་དང་སྐྱིད་རིང་སྐྱིད་སྡུག་སོགས་ནས་གོད་ཆག་དེའི་འོག་གྱོན་གུན་ཕྱིན་པ་ཚོར་རོགས་སྐྱོར་ཆེད་ཞལ་འདེབས་བསྡུ་བཞིན་པའི་སྐོར་ཞིག་གོ་ཐོས་བྱུང་སོང་བས། བོད་ནང་དུ་དཀའ་ངལ་ཞིག་བྱུང་དུས་བཙན་བྱོལ་ནང་ནས་རྒྱབ་སྐྱོར་བྱེད་དགོས་པའི་གནས་སྟངས་དེ་གལ་ཆེན་པོ་མཐོང་གི་འདུག་ཅེས་གསུང་གི་འདུག་ལ། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། ཉེ་ལམ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་དེས་བཙན་བྱོལ་སྤྱི་ཚོགས་ནང་དུ་འཐབ་རྩོད་ཀྱི་གནས་བབ་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་ཡོད་ལ། མུ་མཐུད་མ་འོངས་ལེའུ་གསར་པ་གང་ཞིག་འགོ་བཙུགས་དགོས་མིན་དང་། ལྷག་པར་ད་ཆ་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལག་བསྟར་བྱས་པ་བརྒྱུད་བོད་མི་རིགས་རྩ་མེད་བཟོ་རྒྱུ་ཡིན་ཞེས་བརྗོད་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར། རྒྱལ་སྤྱིའི་ནང་དུ་ཆབ་དཔལ་རིག་གསུམ་གྱི་འགྱུར་འགྲོས་ཁྲོད་བོད་མིའི་སྒྲིག་འཛུགས་གཙོ་བོར་བྱེད་པའི་བོད་མི་ཡོངས་ཀྱིས་གོ་སྐབས་དམ་འཛིན་གྱིས། དུས་སྐབས་དེས་བོད་ཀྱི་གནད་དོན་ལ་ཁེ་ཕན་གང་བླངས་ཐུབ་མིན་སྐོར་བསམ་གཞིགས་ངེས་པར་དུ་བྱ་དགོས་རྒྱུ་གལ་ཆེ་བས། གནད་དོན་དེ་རིགས་ཀྱི་སྐོར་གཙོ་བོར་གླེང་སློང་གནང་རྒྱུ་ཡིན་པ་གསུངས་བྱུང་།

ཡང་སྤྱི་འཐུས་མགོན་པོ་དོན་གྲུབ་ལགས་ཀྱིས། ཉེ་བའི་ཆར་ར་སུ་ལྦ་གཙོས་པའི་བོད་སྐྱིད་གྲོང་ཁུལ་དུ་ཆུ་ལོག་ཚབས་ཆེ་བྱུང་བ་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནང་བོད་ཀྱི་ཁོར་ཡུག་གནད་དོན་ཐོག་གཙོས་པའི་ཐོག་གླེང་སློང་དང་དེ་འབྲེལ་གྲོས་ཆོད་གཏན་ལ་ཕབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུང་གི་འདུག

རྩ་བའི་འདི་ག་རླུང་འཕྲིན་ཁང་གིས་བལ་བོད་ས་མཚམས་སུ་བྱུང་བའི་འདམ་རུད་ཆུ་ལོག་གི་གོད་ཆག་རྗེས་སུ་ད་ལྟའི་བལ་ཡུལ་ཕྱོགས་ཀྱི་བོད་མི་རྣམས་ཀྱི་གནས་བབ་དང་འབྲེལ། འབྲེལ་ཡོད་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་བཀའ་འདྲི་ཞུས་པར། ཁོང་རྣམས་ཀྱིས་ས་གནས་སུ་འབྲེལ་མཐུད་ཀྱི་ཐབས་ཤེས་དང་རོགས་སྐྱོར་མུ་མཐུད་ཞུ་མུས་ཡིན་པ་གསུངས་བྱུང་།

གཞན་ཐེངས་འདིར་བཞུགས་སྒར་དུ་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་དབུ་འབྱེད་ཀྱི་གཏམ་བཤད་སྐབས་ཚོགས་གཙོ་སྒྲོལ་མ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེ་ནི། མི་རིགས་གཅིག་གི་མཐུན་སྒྲིལ་འབྱུང་ཐབས་སུ་མི་རིགས་གཞན་ཞིག་གི་ངོ་བོ་རྩ་བརླག་དགོས་པ་བཟོ་བཞིན་ཡོད་པས། དེ་ནི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཁོ་ན་ཡིན་པས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་སོང་།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།