བོད་ཀྱི་གཏམ་བརྗོད་གསར་པ་ཕ་ཡུལ་ཞེས་པ་དང་བོད་དོན་དྲིལ་བསྒྲགས།

བོད་ཀྱི་གཏམ་བརྗོད་ཚོགས་པས་ཕ་ཡུལ་ཞེས་པའི་གཏམ་བརྗོད་གསར་པ་ཞིག་གཟིགས་འབུལ་གྱི་ཆེད་སྐོར་སྐྱོད་གནང་རྒྱུ་རེད་འདུག

བོད་ཀྱི་གཏམ་བརྗོད་ཚོགས་པས་ཕ་ཡུལ་ཞེས་པའི་གཏམ་བརྗོད་གསར་པ་ཞིག་གཟིགས་འབུལ་གྱི་ཆེད་སྐོར་སྐྱོད་གནང་རྒྱུ་རེད་འདུག

བོད་ཀྱི་གཏམ་བརྗོད་ཚན་པའི་འགན་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་སུ་ཀོ་རི་ཡའི་གློག་བརྙན་དར་ཁྱབ་འབྱུང་བཞིན་པ་ནང་བཞིན། བོད་པའི་སྤྱི་ཚོགས་ཁྲོད་སྒྱུ་རྩལ་གྱི་རྣམ་དཔྱོད་བཀོལ་སྤྱོད་ཡག་པོ་བྱས་ཏེ་གཏམ་བརྗོད་སྟོན་ཐུབ་ཚེ། བོད་སྐད་ཡང་ཁྱབ་སྤེལ་འགྲོ་ཐུབ་པའི་རེ་བ་དང་། བོད་སྐད་གནས་ན་བོད་དོན་གསོན་གནས་ཐུབ་པར་བརྟེན། གཏམ་བརྗོད་ཆ་ཚང་བོད་སྐད་ཐོག་ཡིན་པ་དེ་ཡང་། ཕྱི་རྒྱལ་མི་སེར་རྣམས་ཀྱིས་དེ་བལྟས་ཚེ་སྐད་དེ་རྒྱ་སྐད་རེད་མི་འདུག དེ་བོད་སྐད་རེད་འདུག་ལ་བོད་སྐད་དེ་མ་འདྲ་བ་ཞིག་འདུག་བསམ་པའི་ཚོར་བ་ཞིག་ཀྱང་ད་ལྟའི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་མཐུན་པའི་ཐོག་ནས་གཏམ་བརྗོད་ལམ་ནས་ངོ་སྤྲོད་བྱེད་ཐུབ་ཅེས་གསུང་གི་འདུག

བོད་ཀྱི་གཏམ་བརྗོད་ཚན་པས་ཕ་ཡུལ་ཞེས་པའི་ལེ་ཚན་གསར་པ་སྦྱོང་བརྡར་བྱེད་པའི་སྐབས།
ཕ་ཡུལ་ཞེས་པའི་གཏམ་བརྗོད་ལེ་ཚན་གསར་པ་སྦྱོང་བརྡར་བྱེད་པའི་སྐབས། བོད་ཀྱི་གཏམ་བརྗོད་ཚན་པས་ཕ་ཡུལ་ཞེས་པའི་ལེ་ཚན་གསར་པ་སྦྱོང་བརྡར་བྱེད་པའི་སྐབས། (RFA Tibetan)

ལོ་ངོ་བཅུ་གཅིག་ཙམ་རིང་བོད་ཀྱི་གཏམ་བརྗོད་སོགས་དང་འབྲེལ་བོད་ཀྱི་ཟློས་གར་ཚོགས་པར་ཟབ་སྦྱོང་གནང་མཁན་གཏམ་བརྗོད་འཁྲབ་ཁྲིད་པ་ཧེ་རི་ཧྥར་མན་ལགས་ཀྱིས་གསུངས་དོན་དུ། ང་འདིར་ཡོང་དགོས་པའི་རྒྱུ་མཚན་དེ་ཡང་། དེ་སྔ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ལ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་རྣམས་རྒྱལ་སྤྱིའི་ཁྲོད་གཏམ་བརྗོད་སོགས་ཀྱི་ལམ་ནས་དྲིལ་བསྒྲགས་གནང་དགོས་གལ་ཆེ་བའི་བཀའ་ཕེབས་བཞིན། སྐབས་དེའི་ཟློས་གར་འགན་འཛིན་དང་འབྲེལ་བ་བྱུང་སྟེ་ང་འདིར་གཏམ་བརྗོད་ཟབ་སྦྱོང་སྤྲད་ཆེད་ཡོང་བ་ཞིག་དང་། བོད་པའི་སྤྱི་ཚོགས་ཀྱིས་ང་མུ་མཐུད་ཡོང་རོགས་ཟེར་ཏེ་ད་བར་ངས་འདིར་ཟབ་སྦྱོང་སྤྲད་ནས་ལོ་༡༡ལྷག་འགྲོ་བཞིན་འདུག་ལ།་ང་ཚོའི་བསམ་པར་༧གོང་ས་མཆོག་གི་ཀའ་དགོངས་སྒྲུབ་བཞིན་ཡོད་པ་ཚོར་གྱི་འདུག་ཅེས་གསུང་གི་འདུག

བོད་ཀྱི་གཏམ་བརྗོད་ཚན་པས་ཕ་ཡུལ་ཅེས་པའི་ལེའུ་གསར་པ་འདོན་སྤེལ་གནང་པ། ༢༠༢༦།༡༠།༠༧
ཕ་ཡུལ་ཞེས་པའི་གཏམ་བརྗོད་གསར་པ་བརྩམས་གནང་འདུག བོད་ཀྱི་གཏམ་བརྗོད་ཚན་པས་ཕ་ཡུལ་ཅེས་པའི་ལེའུ་གསར་པ་འདོན་སྤེལ་གནང་པ། ༢༠༢༦།༡༠།༠༧ (RFA Tibetan)

རྒྱ་གར་མི་རིགས་ཡིན་པ་གཏམ་བརྗོད་ཀྱི་འཁྲབ་ཁྲིད་བྱུས་འགོད་པ་ཨ་སྦི་ཤེཀ་ མ་ཇུམ་དྷར་ (Abhishek Majumdhar) ལགས་ཀྱིས་རྩོམ་བྲིས་བཟོ་སྐྲུན་གནང་བའི་ཕ་ཡུལ་གཏམ་བརྗོད་དེ་ནི་དེ་སྔ་ཁོང་གིས་བཟོ་སྐྲུན་འཁྲབ་སྟོན་སྐོར་སྐྱོད་གནང་པའི་པཱ་ལགས་ཞེས་པའི་གཏམ་བརྗོད་ཀྱི་འདོན་ཐེངས་གཞན་ལྟ་བུ་ཆགས་ཀྱི་ཡོད་པ་གསུང་གི་འདུག དེ་ཡང་ཕ་ཡུལ་ཞེས་པའི་གཏམ་བརྗོད་དེ་ནི། བོད་ནང་རྒྱ་ནག་གཞུང་གིས་ཐོག་མའི་ཧམ་བཤད་ཀྱིས་བཙན་འཛུལ་བྱས་ཏེ། བོད་ཤར་ཕྱོགས་ཁུལ་ནས་དྲག་པོའི་བཙན་འཛུལ་དངོས་སུ་འགོ་བཙུགས་པ་སོགས་ཀྱི་སྐོར་དངོས་བྱུང་ལོ་རྒྱུས་ལ་གཞིགས་པའི་གཏམ་བརྗོད་ཅིག་ཡིན་པ་དང་། དེ་སྔ་འཁྲབ་སྟོན་ཟིན་པའི་པཱ་ལགས་གཏམ་བརྗོད་ནི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བ་ཞིག་རེད་འདུག དེ་ཡང་དེ་སྔ་ཨ་སྦི་ཤེཀ་ མ་ཇུམ་དྷར་(Abhishek Majumdhar) ལགས་ཀྱིས། བོད་ནང་དངོས་སུ་བསྐྱོད་དེ་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་གནས་སྟངས་ལ་གཞི་བཅོལ་ཏེ་པཱ་ལགས་ཞེས་པའི་གཏམ་བརྗོད་སྔ་མ་དེ་རྩོམ་བྲིས་བཟོ་སྐྲུན་གྱིས། གཏམ་བརྗོད་འཁྲབ་སྟོན་གྱི་ལས་རིམ་དེ་རྒྱ་གར་ནང་སྐོར་སྐྱོད་གྲུབ་མཚམས། ཡོ་རོབ་ཁུལ་དང་དེ་རྗེས། ཕྱི་ལོ་ ༢༠༢༣ ཟླ ༥ ཚེས་ ༩ ཉིན་འཇར་མ་ནིའི་ (Recklinghausen) ཞེས་པའི་ས་ཚིགས་སུ་ (Ruhrfestspiele) ཞེས་ཡོ་རོབ་ཁུལ་གྱི་གཏམ་བརྗོད་དུས་སྟོན་ཆེ་ཤོས་སམ་རྙིང་ཤོས་ཤིག་གི་དབུ་འབྱེད་ཐོག བོད་ཀྱི་གཏམ་བརྗོད་ཚོགས་པས་པཱ་ལགས་ཞེས་པའི་གཏམ་བརྗོད་གཟིགས་འབུལ་ཞུས་ཡོད་པ་དང་། དེ་ནི་དུས་སྟོན་དེའི་ཐོག་བོད་པའི་གཏམ་བརྗོད་གཟིགས་འབུལ་ཞུས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་འདུག

པ་ལཌ་ཞེས་པའི་བོད་ཀྱི་གཏམ་བརྗོད།
པ་ལཌ་ཞེས་པའི་བོད་ཀྱི་གཏམ་བརྗོད། (རོ་ཡལ་ ཀོཊ་ཐེ་ཊར།)

ཕ་ཡུལ་ཞེས་པའི་གཏམ་བརྗོད་དེ་ཡང་རིང་མིན་རྒྱ་གར་རྒྱལ་ཡོངས་དང་རིམ་བཞིན་ཕྱི་རྒྱལ་ཁག་ཏུ་གཟིགས་འབུལ་གྱིས་སྐོར་སྐྱོད་གནང་འཆར་ཡོད་པ་རེད་འདུག་ལ། ཕྱི་ཟླ་ ༩ ཚེས་ ༡༥ ཉིན་འཁྲབ་སྟོན་པ་རྣམ་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་ལ་མཇལ་བཅར་ཞུས་ཏེ་ཕ་ཡུལ་ཞེས་པའི་བོད་ཀྱི་ལོ་རྒྱུས་ལ་གཞིགས་པའི་དངོས་འབྱུང་གཏམ་བརྗོད་དེའི་སྐོར་སྙན་གསེང་ཞུས་འདུག

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

འབྲེལ་ཡོད་གནས་ཚུལ།

པཱ་ལགས་ཞེས་པའི་གཏམ་བརྗོད་འཇར་མེ་ནི་རྒྱལ་ཡོངས་སུ་སྐོར་སྐྱོད་གནང་པ།